འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རི་ཕྱོགས་ཀྱིས་བཀོད་ཟིན་པའི་འཆར་གཞིའི་ནང་བྱང་ཁོ་རེ་ཡས་ལོ་གཅིག་ནང་ཉིང་རྡུལ་
    འཕུར་མདེལ་སྒྲིག་བཀོད་བཤིག་རྒྱུ་ཡིན་ཞེས་འཁོད་ཡོད་ཅེས་བརྗོད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་1ཉིན། ཨ་རིའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པོ་ཨར་ཏུན་གྱིས། ཨ་རིས་བཀོད་ཟིན་པའི་འཆར་གཞིའི་ནང་བྱང་ཁོ་རེ་ཡས་ལོ་གཅིག་ནང་ཉིང་རྡུལ་མཚོན་ཆ་མང་ཆེ་བ་དང་མདེལ་ལམ་འཕུར་མདའི་སྒྲིག་ཆས་བཤིག་རྒྱུ་རེད་ཅེས་བརྗོདཡོད།
          པོ་ཨར་ཏུན་གྱིས་དེ་ཉིན་ཨ་རིའི་ཁོ་ལོམ་པི་ཡ་རླུང་འཕྲིན་ཀུང་སིའི་བརྙན་འཕྲིན་ལེ་ཚན་《རྒྱལ་ཡོངས་ལ་ཕྱོགས་པ་》ཞེས་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཉེ་ཆར་ཨ་རིའི་རྒྱལ་དོན་བློན་ཆེན་ཕིང་ཕའེ་ཨའོ་དང་བྱང་ཁོ་རེ་ཡ་ཕྱོགས་དབར་འཆར་གཞི་དེའི་ཆེད་གྲོས་མོལ་བྱས་ཡོད། པོ་ཨར་ཏུན་གྱིས་གལ་སྲིད་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་འཐབ་ཇུས་རང་བཞིན་གྱི་ཐག་གཅོད་བྱས་ནས་ཨ་རི་ཕྱོགས་དང་མཉམ་ལས་བྱ་འདོད་ན། ཨ་རིས་ཕྱོགས་ཀྱིས་བྱ་སྤྱོད་མྱུར་པོ་སྤེལ་ཐུབ་རྒྱུ་བསྟན་ཡོད།
          ཕིང་ཕའེ་ཨའོ་ཡིས་ཟླ་6ཚེས་13ཉིན་མ་འོངས་ཀྱི་ལོ་གཉིས་དང་ཕྱེད་ཀའི་དུས་ཚོད་ནང་བྱང་ཁོ་རེ་ཡས་ཉིང་རྡུལ་དམག་ཤུགས་ཉུང་འཕྲི་བྱེད་པའི་ཐད་བྱེད་ཐབས་ཆེན་པོ་སྤྱོད་པའི་རེ་བ་ཡོད་ཅེས་བསྟན་ཡོད།
          ཟླ་6ཚེས་12ཉིན། ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སིང་ཀ་ཕོར་དུ་བྱང་ཁོ་རེ་ཡའི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་དང་ཐུག་འཕྲད་བྱས་པ་དང་། ཚོགས་འདུའི་རྗེས་སུ་ཕྱོགས་གཉིས་པོས་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཏེ། “ཨ་རི་དང་བྱང་ཁོ་རེ་ཡ་འབྲེལ་བ་གསར་པ་འཛུགས་བར”འབད་བརྩོན་བྱ་རྒྱུ་ཡིན་པ་བསྟན་ཡོད་།  དེ་བཞིན“བྱང་ཁོ་རེ་ཡ་ཕྱེད་གླིང་དུ་ཡུན་རིང་བརྟན་བརླིང་ཞི་བདེའི་སྒྲིག་གཞི་འཛུགས་རྒྱུ”ཡིན་པ་བསྟན་ཡོད་།  ཐེ་རོན་ཕུས་བྱང་ཁོ་རེ་ཡའི་བདེ་འཇགས་ཀྱི་འགན་སྲུང་འདོན་སྤྲོད་བྱ་རྒྱུའི་ཁས་ལེན་དང་། ཅིན་ཀྲེང་ཨེན་གྱིས“བྱང་ཁོ་རེ་ཡ་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་མེད་པའི”ཁས་ལེན་བསྐྱར་སྒྲོག་བྱས་ཡོད། ཐུག་འཕྲད་བྱས་འབྲས་དོན་འཁྱོལ་ལ་སྐུལ་འདེད་གཏོང་ཆེད་ཨ་རི་དང་བྱང་ཁོ་རེ་ཡས་རིམ་པ་མཐོ་བའི་སྲིད་གཞུང་གི་འཐུས་མི་ཚོགས་པའི་གྲོས་མོལ་སྤེལ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།