འཚོལ་བཤེར།   
藏文频道
2018ལོའི་ཟླ་7ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱར་གསེང་གི་ལྕགས་ལམ་སྐྱེལ་འདྲེན་བྱེད་འགོ་ཚུགས་

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 07ཚེས་02ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
            མི་དམངས་དྲ་བའི་འཕྲིན། 2018ལོའི་དབྱར་གསེང་གི་ལྕགས་ལམ་སྐྱེལ་འདྲེན་དུས་ཚོད་ཟླ་7ཚེས་1ནས་ཟླ་8ཚེས་31ཉིན་བར་ཡིན་པ་དང་། དུས་ཡུན་ཉིན་62རེད། དབྱར་གསེང་སྐྱེལ་འདྲེན་རིང་། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་དུང་ཕྱུར་6.47སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་དེ་དུས་མཚུངས་ལས་མི་ཐེངས་ཁྲི་4590མང་དུ་འགྲོ་རྒྱུ་དང་། 7.6%འཕར་རྒྱུ་དང་སྦྲགས། ཉིན་རེར་ཆ་སྙོམས་འགྲུལ་པ་མི་ཐེངས་ཁྲི་1043སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད། ཟླ་7ཚེས་1ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་ནས་བཟུང་། རྒྱལ་ཡོངས་ལྕགས་ལམ་སྡེ་ཚན་གྱིས་མེ་འཁོར་འཁོར་སྐྱོད་བྱ་ཐབས་གསར་པ་དང་དབྱར་གསེང་སྐྱེལ་འདྲེན་བྱ་ཐབས་གསར་པ་ལག་ལེན་བསྟར་ནས་ལྕགས་ལམ་ཅུས་སྒྲོལ་བའི་ཐག་འབྲིང་རིང་གི་འགྲུལ་སྐྱེལ་མེ་འཁོར་ཆ་37མང་དུ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།