འཚོལ་བཤེར།   
藏文频道
2018ལོའི་ཟླ་6ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བྲག་ཡབ་རྫོང་གིས་བོད་རྒྱ་ཡིག་གཉིས་ཀྱི་གློག་རྡུལ་ཚོང་ལས་རྫོང་ཡོངས་ལ་ཁེངས་པའི་
    ཡོངས་བསྒྲགས་མཛད་སྒོ་སྤེལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 06ཚེས་27ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བྲག་ཡབ་རྫོང་གིས་བོད་རྒྱ་ཡིག་གཉིས་ཀྱི་གློག་རྡུལ་ཚོང་ལས་རྫོང་ཡོངས་ལ་ཁེངས་པའི་
ཡོངས་བསྒྲགས་མཛད་སྒོ་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་27ཉིན། བྲག་ཡབ་རྫོང་གི་བོད་རྒྱ་ཡིག་གཉིས་ཀྱི་གློག་རྡུལ་ཚོང་ལས་རྫོང་ཡོངས་ལ་ཁེངས་པའི་ཡོངས་བསྒྲགས་མཛད་སྒོ་བྲག་ཡབ་རྫོང་གི་ཁུའོ་གསོ་སྐྱོང་སྦྱོང་བརྡར་ལྟེ་གནས་ཐོག་བརྩེགས་གཉིས་པའི་ཚོགས་ཁང་བཞི་པར་སྤེལ་བ་དང་། སྒྲོལ་མ་གཡང་འཛོམས་ཀྱིས་གཙོ་སྐྱོང་གནང་ཞིང་། ཚོགས་ཐོག་ཏུ་རྫོང་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བ་དང་། ཆབ་མདོ་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དོ་དམ་ཨུ་ལྷན་གྱི་འགོ་ཁྲིད། ཚོང་ལས་འཐུས་ཚབ་པ་བཅས་ཞུགས་ཡོད་ཅིང་། ཚོགས་འདུའི་གོ་རིམ་བཞི་ཡོད་པ་སྟེ། དང་པོ། ཆབ་མདོ་གྲོང་ཁྱེར་དེ་རེ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་འགན་འཁུར་བ་བཀྲ་ཤིས་སེང་གེ་ཡིས་གཏམ་བཤད་གནང་བ། གཉིས་པ། བྲག་ཡབ་རྫོང་ཚོང་ལས་ཅུས་ཀྱི་ཅུས་ཀྲང་སྒྲོལ་མ་གཡང་འཛོམས་ཀྱིས་གཏམ་བཤད་གནང་བ། གསུམ་པ། བྲག་ཡབ་རྫོང་སྲིད་གཞུང་གི་འཐུས་མིས་གཏམ་བཤད་གནང་ཞིང་བོད་རྒྱ་ཡིག་གཉིས་ཀྱི་གློག་རྡུལ་ཚོང་ལས་རྫོང་ཡོངས་ལ་ཁེངས་པ་ཁྱབ་བསྒྲགས་བྱས། བཞི་བ། དེ་རེ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིའི་ལས་བྱེད་པས་ཚོང་པའི་འཐུས་མི་ལ་ཚོང་ལས་ལས་སྒོའི་གསོ་སྦྱོང་བྱས་པ་རེད། 
    ༄༅།།བྲག་ཡབ་རྫོང་གིས་བོད་རྒྱ་ཡིག་གཉིས་ཀྱི་གློག་རྡུལ་ཚོང་ལས་རྫོང་ཡོངས་ལ་ཁེངས་པའི་
ཡོངས་བསྒྲགས་མཛད་སྒོ་སྤེལ་བ།
    ༄༅།།བྲག་ཡབ་རྫོང་གིས་བོད་རྒྱ་ཡིག་གཉིས་ཀྱི་གློག་རྡུལ་ཚོང་ལས་རྫོང་ཡོངས་ལ་ཁེངས་པའི་
ཡོངས་བསྒྲགས་མཛད་སྒོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།