འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲའོ་ཞན་གྱི་ཕིང་ཨན་པེ་ཏའོ་ཡིས་ལེའོ་ཉིང་ཞིང་ཆེན་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན།  ཁྲའོ་ཞན་གྱི་ཕིང་ཨན་པེ་ཏའོ་ངལ་རྩོལ་ཏང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ནེང་ཝུའུ་ཡིས་ཉེ་ཆར་ཕིང་ཨན་པེ་ཏའོ་ཡིས་ཀྲུང་གོའི་ལེའོ་ཉིང་ཞིང་ཆེན་དང་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་འདོད་ཡོད་ལུགས་བརྗོད།
          ཅིན་ནེང་ཝུའུ་ཡིས་ཕིང་ཨན་པེ་ཏའོ་ཡི་ལྟེ་བའི་གྲོང་ཁྱེར་ཤིན་དབྱི་ཀྲོའུ་གྲོང་ཁྱེར་དུ་སྤེལ་རེས་དང་རྟོག་ཞིབ་བྱེད་པར་ཡོང་བའི་ཁྲའོ་ཞན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཅིན་ཅུན་དང་ཐུག་འཕྲད་གནང་སྐབས་གོང་གསལ་གྱི་གཏམ་དེ་དག་བརྗོད་ཅིང་། ཁོང་གིས་ཁྲའོ་ཀྲུང་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་གི་བློ་བརྟན་འགྱུར་མེད་ཀྱི་ལངས་ཕྱོགས་ཤིག་རེད། འདི་ལོ་ཕྱོགས་གཉིས་པོའི་དབར་མཐོ་རིམ་སྤེལ་རེས་མང་བ་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་དབར་གྱི་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་ཐེངས་གཉིས་ལ་ཐུན་མོང་གི་ངོས་འཛིན་གལ་ཆེན་རབ་དང་རིམ་པ་བྱུང་ཡོད། ཕིང་ཧན་པེ་ཏའོ་ཡིས་ལེའོ་ཉིང་ཞིང་ཆེན་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་ཀྱི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཡག་པོ་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།