འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ས་བབ་མཐོ་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་རིང་ཤོས་ཧའར་པིན་ནས་ཅ་མུའུ་སི་
    བར་གྱི་ལྕགས་ལམ་ཤར་གཏོང་ཐུབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 12:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
        མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་13ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ལས་གྲྭ་ཅུས་ཀྱིས་སྐྲུན་འགན་ཁུར་བའི་ཧའར་པིན་ནས་ཅ་མུའུ་སི་བར་གྱི་ལྕགས་ལམ་གྱི་གཙོ་གནད་རྣམ་གྲངས་པིན་ཅང་བབས་ཚུགས་སྒྱུར་བཀོད་ལས་གྲྭ་བདེ་བླག་ངང་ལེགས་གྲུབ་ཟིན་པ་དེ་ཐོག་ནས་རང་རྒྱལ་གྱི་ས་བབ་མཐོ་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་རིང་ཤོས་ཧའར་པིན་ནས་ཅ་མུའུ་སི་བར་གྱི་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་པ་མཚོན་ཡོད།
         ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཧའར་པིན་ནས་ཅ་མུའུ་སི་བར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་ཡན་ལག་པུའུ་དང་པོའི་ལས་གྲྭ་པུའི་པུའུ་ཀྲང་ཝང་མིང་གིས་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཀྱིས་སྐྲུན་འགན་ཁུར་བ་ནི་ཧའར་པིན་ནས་ཅ་མུའུ་སི་བར་གྱི་མཐའ་མའི་འགག་གནད་སྟེ། པིན་ཅང་བབས་ཚུགས་སྒྱུར་བཀོད་ལས་གྲྭ་ཡིན་པ་དང་ལས་གྲྭ་དེ་ཧའར་པིན་ནས་ཅ་མུའུ་སི་བར་གྱི་ལྕགས་ལམ་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་རྒྱུར་ཤུགས་རྐྱེན་ཕོག་པའི་འགག་རྩའི་རང་བཞིན་གྱི་ཚོད་འཛིན་ལས་གྲྭ་ཞིག་རེད་ཅེས་ངོ་སྤྲོད་བྱས།
         ཧའར་པིན་ནས་ཅ་མུའུ་སི་བར་གྱི་ལྕགས་ལམ་དེ་2014ལོའི་ཟླ་7པར་སྐྲུན་འགོ་ཚུགས་པ་དང་ཇུས་འགོད་བྱས་པའི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་200ཡིན་པ་རེད། འགྲུལ་པ་དང་དངོས་ཟོག་སྐྱེལ་འདྲེན་གཉིས་ཀ་བྱེད་པའི་ལྕགས་ལམ་དེའི་སྤྱིའི་རིང་ཚད་ལ་སྤྱི་ལེ་343ཡོད་པ་ནི་རང་རྒྱལ་གྱི་ས་བབ་མཐོ་ཁུལ་གྱི་མྱུར་བགྲོད་ལྕགས་ལམ་རིང་ཤོས་དེ་རེད། མིག་སྔར་ཧའར་པིན་ནས་ཅ་མུའུ་སི་བར་གྱི་ལྕགས་ལམ་དེ་མཉམ་འབྲེལ་ཐོག་ལེགས་སྒྲིག་དང་ཚོད་ལྟ་བྱེད་པའི་དུས་མཚམས་སུ་སླེབས་ཡོད་པ་དང་སྔོན་རྩིས་ལྟར་ན་ཟླ་7པའི་ཟླ་མཇུག་ཏུ་ཚོད་ལྟའི་སྐྱེལ་འདྲེན་བྱ་རྒྱུ་དང་ཟླ་8པའི་ཟླ་མཇུག་ཏུ་དངོས་སུ་སྐྱེལ་འདྲེན་བྱ་རྒྱུ་རེད། སྐབས་དེ་དུས་ཧའར་པིན་ནས་ཅ་མུའུ་སི་བར་ད་ཆ་ཆུ་ཚོད་6འགོར་བ་ནས་ཆུ་ཚོད་1དང་སྐར་མ་50བར་ཐུང་དུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།