འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱུན་རྣམ་ཅན་གྱི་གེགས་སེལ་ལམ་སྲོལ་འཛུགས་རྒྱུ་ཡིན་པ།

    རྒྱལ་ཁབ་ཕྱོགས་བསྡུས་གེགས་འགོག་གེགས་སེལ་གླེང་སྟེགས་ཁྲེང་ཏུའུ་རུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་15ཉིན། 11:33】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། སྐབས་དགུ་པའི“རྒྱལ་ཁབ་ཕྱོགས་བསྡུས་གེགས་འགོག་གེགས་སེལ་དང་རྒྱུན་མཐུད་འཕེལ་རྒྱས་ཀྱི་གླེང་སྟེགས”ཚེས་10ཉིན་ཁྲེང་ཏུའུ་རུ་གཉེར་ཞིང་། རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་མཉམ་དུ་དུས་རབས་གསར་པའི་འཕྲལ་སྡོམ་དོ་དམ་ལམ་སྲོལ་ལ་གྲོས་བསྡུར་བྱས་པ་དང་རྒྱུན་རྣམ་ཅན་གྱི་གེགས་སེལ་ལམ་སྲོལ་འཛུགས་རྒྱུར་གཙོ་གནད་ཐོག་དམིགས་པ་རེད།
         “སྲོལ་རྒྱུན་གྱི་འཕྲལ་སྡོམ་སྒྲིག་སྲོལ་ལ་གེགས་བར་གྱི་རིགས་དབྱེ་དང་། སྡེ་ཚན་ཁག་དབྱེ། ཆ་འཕྲིན་ཁ་ཐོར་སོགས་ཀྱི་གནད་དོན་ཡོད་པས་རྟག་ཏུ་ཁྲོམ་རའི་ལམ་སྲོལ་གྱི་ནུས་པ་འདོན་ཐུབ་ཀྱི་མེད་པ་དང་། སྲིད་གཞུང་གི་གེགས་སེལ་འགན་གཙང་ལེན་པ་དང་གེགས་རྗེས་བསྐྱར་སྐྲུན་རྒྱུན་མཐུད་མ་ཐུབ་པ་སོགས་ཀྱི་སྣང་ཚུལ་ཐོན་གྱི་ཡོད”ཅེས་རྒྱལ་ཁབ་གེགས་སེལ་ཨུ་ལྷན་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲེང་ཀུང་ཁྲེང་གིས་བཤད་ཅིང་། ཁོང་གིས་གནོད་འཚེ་སེལ་བའི་ལམ་སྲོལ་དེ“ཁག་དབྱེ”ནས“གཅིག་སྡུད”དུ་གང་མགྱོགས་བསྒྱུར་དགོས་ཞེས་བཤད།
         འདི་ལོའི་ཟླ་3པར། རྒྱལ་ཁབ་འཕྲལ་སྡོམ་དོ་དམ་པུའུ་བཙུགས་པ་དེས་རང་རྒྱལ་གྱི་གནོད་འཚེ་སེལ་བའི་ལམ་སྲོལ་བསྐྱར་དུ་བཙུགས་ཡོད་ལ་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁྲིའང་ཕྱོགས་ཡོངས་ནས་བསྡུ་སྒྲིལ་ཐུབ་ཡོད། རིགས་གཅིག་མཁས་ཅན་གྱིས་གནོད་འཚེ་དང་འབྲེལ་བ་ཡོད་པའི་བྱེད་པོ་སྤྱིར་ན་སྲིད་གཞུང་དང་། ཁེ་ལས་དང་བྱ་གཞག་ཚན་པ། སྤྱི་ཚོགས་རྩ་འཛུགས། ཁྱིམ་ཚང་དང་མི་སྒེར་བཅས་ཚུད་ཡོད་པས་ཕྱོགས་ཁག་གི་གནོད་འཚེ་སེལ་བའི་ཧུར་སེམས་སྐོང་འཐེན་གང་ལེགས་བྱས་ཚེ་གཞི་ནས་ལས་བགོས་མཉམ་ལས་ཀྱི་ཕྱོགས་བསྡུས་གེགས་སེལ་ཕན་འབྲས་ཐོན་ཐུབ་ཅེས་བཤད་པ་རེད།
         རྒྱལ་སྲིད་སྤྱི་ཁྱབ་ཁང་འཕྲལ་སྡོམ་དོ་དམ་རིགས་གཅིག་མཁས་ཅན་ཚོགས་ཆུང་གི་ཙུའུ་ཀྲང་ཧྲན་ཁྲུན་ཁྲང་གིས“དུས་རབས་གསར་པའི་འཕྲལ་སྡོམ་དོ་དམ་ཐད་སྔོན་འགོག་གཙོ་བོར་འཛིན་པ་དང་འགོག་སེལ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་དང་། རྒྱུན་རྣམ་ཅན་གྱི་གེགས་སེལ་དང་རྒྱུན་རྣམ་ཅན་མིན་པའི་གེགས་སེལ་གཅིག་གྱུར་མཐའ་འཁྱོངས་ཡོང་བ་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།