འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རུ་ཁག་གིས་སེ་ཝེ་སི་ལིན་བུམ་པ་ཐེངས་དགུ་བསྟུད་མར་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་རུ་ཁག་གིས་སེ་ཝེ་སི་ལིན་བུམ་པ་ཐེངས་དགུ་བསྟུད་མར་བླངས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་6ཉིན། སུའེ་ཏེན་གྱི་ཧར་མུ་སི་ཐ་ཏཱ་རུ་2018ལོའི་ཕིང་ཕང་སྤོ་ལོའི་འཛམ་གླིང་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་བསྡུར་གྲངས་3:0གྱི་འཇར་མན་རུ་ཁག་ལས་རྣམ་པར་རྒྱལ་བ་དང་སེ་ཝེ་སི་ལིན་བུམ་པ་ཐེངས་དགུ་བསྟུད་མར་བླངས་ཡོད། དེ་ཡང་ལོ་རྒྱུས་ཐོག་ཐེངས་21སེ་ཝེ་སི་ལིན་བུམ་པ་བླངས་པ་ཡིན་ཅིང་།  ང་ཚོ་བསྐྱར་དུ་ཐེངས་དགུའི་ཕིང་ཕང་སྤོ་ལོའི་འཛམ་གླིང་ཚོགས་པའི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་པའི་བུམ་པ་གཟེངས་སུ་འདེགས་དུས་དེ་དྲན་བཞིན། མི་སེམས་འགུལ་བའི་ཚོར་བ་སྦྱིན་བཞིན་ཡོད་པ་རེད། གོང་གི་པར་རིས་ནི་2001ལོའི་ཟླ་4ཚེས་29ཉིན། ལྗར་པན་གྱི་ཏ་པན་དུ་འཚོགས་པའི་སྐབས་46པའི་འཛམ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་གྱི་སྐྱེས་པ་ཚོགས་པའི་རྒྱལ་ཕམ་ཐག་གཅོད་པའི་འགྲན་བསྡུར་ནང་། ཀྲུང་གོའི་རུ་ཁག་གིས་བསྡུར་གྲངས་3:0གྱི་པེར་ཀྲེམ་ཕམ་པར་བྱས་ནས། ཨང་དང་པོ་བླངས།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
      

    ཕྱོགས་བསྡུས་གསར་འགྱུར།