འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་དང་པོའི"རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར"གྱི་བགྲོ་གླེང་ཚོགས་འདུ་ཝུའུ་ཧན་དུ་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཧྭ་ཀྲུང་དགེ་འོས་སློབ་ཆེན་དང་ཧུའུ་པེ་ཞིང་ཆེན་མཚོ་འགག་ངོགས་གཉིས་ཀྱི་སྤེལ་རེས་སྐུལ་འདེད་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པའི་སྐབས་དང་པོའི“རྒྱལ་ཁབ་གཅིག་གྱུར་དང་མི་རིགས་བསྐྱར་དར”གྱི་བགྲོ་གླེང་ཚོགས་འདུ་ཉེ་ཆར་ཝུའུ་ཧན་དུ་འགོ་ཚུགས་ཤིང་། ཐེངས་འདིའི་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“རྒྱལ་ཁབ་གཅིག་གྱུར་མཉམ་དུ་དོན་གཉེར་བྱེད། ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་བྱེད”ཅེས་པ་དེ་རེད། ངོགས་གཉིས་ཀྱི་མཐོ་སློབ་དང་ཞིབ་འཇུག་ལས་ཁུངས་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཧུའུ་པེ་དང་ཐའེ་དབན་དབར་གྱི་འབྲེལ་བ་གཏིང་ཟབ་པ་དང་ཐའེ་དབན་དུ་སྐྱེ་ཁུངས་ཧུའུ་པེ་ནས་ཡིན་པའི་སྤུན་ཟླ་ཁྲི་20ལྷག་ཙམ་ཡོད་པ་དང་ཧུའུ་པེར་རྒྱུན་སྡོད་བྱེད་མཁན་སྤུན་ཟླ་ཐའེ་དབན་བ་3000ལྷག་ཙམ་ཡོད། ན་ནིང་གི་ལོ་མཇུག་བར་ཧུའུ་པེར་ཐའེ་དབན་གྱི་མ་འཇོག་ཁེ་ལས་2700ལྷག་ཙམ་དང་། ཐའེ་དབན་གྱི་མ་འཇོག་གླིང་19 ཐའེ་དབན་གྱི་མ་འཇོག་ཁེ་ལས་1བཅས་ཀྱིས་དཔེ་སྟོན་རྟེན་གཞིར་གསར་གཏོད་དང་ཞབས་འདེགས་ཞུས་པས་ཐའེ་དབན་ཁེ་ལས་ཀྱི་མ་འཇོག་བསྡོམས་འབོར་ཨ་སྒོར་དུང་ཕྱུར་225ལྷག་ཟིན་པ་རེད།

    མཚོ་འགག་ངོགས་གཉིས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སུན་ཡ་ཧྥུའུ་ཡིས་ཤིས་ཚིག་གསུངས་སྐབས། སྐམ་ས་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བ་དང་ཆབས་ཅིག་ང་ཚོར་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་རྒྱུའི་བརྩོན་ལེན་བྱེད་པའི་ནུས་པ་དང་ཆ་རྐྱེན་སྔར་བས་ལྡན་ངེས་པ་ནི་མ་འོངས་སྔོན་མཐོང་ཐུབ་པ་ཞིག་རེད་ཅེས་བཤད། 
      

    ཕྱོགས་བསྡུས་གསར་འགྱུར།