འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཀྲོའུ་ཆན་ཤིས་རྫོང་གི་མེའོ་རིགས་མང་ཚོགས་གྲོང་གསེབ་ནས་སྤོས་ཏེ་གྲོང་ཁྱེར་གྱི་མིར་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:40】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལོ་38ལ་སླེབས་པའི་ཀྲའོ་ཅང་ཧྭ་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་རྫོང་ནས་ཡིན་པ་དང་ཁོང་གི་ཕ་ཡུལ་ཅིན་ལན་གྲོང་རྡལ་ཝ་ཧྥང་གྲོང་ཚོ་ཧྭ་ཀང་ཚོགས་ཆུང་གསུམ་པ་ནི་ལིའུ་ཁྲུང་གཙང་པོའི་གྲོག་རོང་གཡང་གཟར་གྱི་རི་སྐེད་དུ་གནས་པ་དང་དུད་ཚང་16ལས་མེད་པའི་མེའོ་རིགས་ཀྱི་གྲོང་ཚོ་ཞིག་ཡིན་ཞིང་། ཕྱི་རོལ་དུ་འགྲོ་བར་འཕྲང་ལམ་དོག་པོ་ཞིག་ལས་མེད། འདི་ལོའི་ཟླ་4པར་ཕྱིར་གླ་པ་བྱེད་བཞིན་པའི་ཀྲའོ་ཅང་ཧྭ་ལ་ཕའི་ཁ་པར་ཞིག་འབྱོར་ནས་ང་ཚོའི་ཁྱིམ་ཚང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བྱེད་པའི་ཁོངས་སུ་ཚུད་པའི་གནས་ཚུལ་བརྗོད།
         བཀོད་སྒྲིག་ས་ཚིགས་ལ་ཆན་ཤིས་རྫོང་གི་ཤང་དང་གྲོང་རྡལ་20ཙམ་གྱི་དུད་ཚང་དབུལ་པོ་4000ཙམ་གནས་སྤོ་བྱ་རྩིས་ཡོད་པའི་ནང་ཀྲའོ་ཅང་ཧྭའི་ཁྱིམ་དང་དུད་ཚང་གཞན་738ཁག་དང་པོའི་ནང་ཚུད་ཡོད། ཀྲའོ་ཅང་ཧྭ་ཡིས་རྫོང་གྲོང་ལ་སྤོས་རྗེས་འབྲེལ་ཡོད་སྡེ་ཚན་གྱིས་ལས་ཞུགས་ཐག་གཅོད་བྱེད་རོགས་བྱེད་པའི་ཁར་ཕྲུ་གུ་ཚོར་ཡང་སློབ་གསོ་ཡག་པོ་མྱོང་ཐུབ། ཏང་གི་སྲིད་ཇུས་ལེགས་པའི་དབང་གིས་རང་ཉིད་དང་ཡུལ་མི་ཚོ་རི་གྲོང་ནས་སྤོས་ཏེ་གྲོང་ཁྱེར་གྱི་མིར་གྱུར་ཡོད་ཅེས་བརྗོད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།