འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་ཁྱེར་ཆེ་མོ་36གིས་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་གྲོས་འགོ་མཉམ་དུ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 15:39】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། པེ་ཅིང་སོགས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་མོ་36གིས་ཐེན་ཅིན་དུ་《སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་གྲོས་འདོན་ཡི་གེ་》མཉམ་དུ་ཁྱབ་བསྒྲགས་བྱས་ཏེ་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་2020ལོར་སླེབས་སྐབས་ཚད་གཞི་ལྟར་ཐོན་སྐྱེད་དང་། ལྗང་མདོག་ཐོན་སྐྱེད། འཁོར་རྒྱུག་འཕེལ་རྒྱས་བཅས་ཁྱོན་ཡོངས་ལ་གཞི་རྩའི་ཆ་ནས་ཁྱབ་ཐུབ་པ་བྱ་རྒྱུ་དང་། རྫས་ལུད་དང་ཞིང་སྨན་སྤྱོད་ཚད་40%ཟིན་པ་བྱས་ཁར། སྤྱོད་ཚད་ཉུང་དུ་གཏོང་རྒྱུ། གསོ་ཚགས་ཀྱི་སྙིགས་རོ་ཕྱོགས་བསྡུས་སྤྱོད་ཚད་75%ཟིན་པ་བྱ་རྒྱུ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་གཞི་ལོན་ཚད་98%ཡན་ཟིན་པ་བྱ་རྒྱུ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཆེས་ཆེར་འཕེལ་བ་བྱ་རྒྱུ་ཡིན་ཞེས་འཁོད་ཡོད།
         《གྲོས་འདོན་ཡི་གེའི་》ནང་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་དང་བསྟུན་ནས་གྲོང་གསེབ་དར་རྒྱས་འཐབ་ཇུས་རྩ་བའི་དམ་འཛིན་བྱ་གཞིར་བརྩི་བ་དང་། ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་བྱས་ནས་ཞིང་ལས་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་དང་། ལྗང་མདོག་ཞིང་དར། སྤུས་རྟགས་ཅན་གྱི་ཞིང་ལས་སྟོབས་ཆེན་བཅས་ཀྱི་བརྗོད་དོན་གཙོ་བོ་ཁྱོན་ཡོངས་ནས་མཆོག་ཏུ་འཛིན་པ། ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཀྱི་འགྲན་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱེད་དགོས་ཞེས་འཁོད་ཡོད། དེའི་ནང་ཕྱོགས་7ཐད་ནས་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ལ་གྲོས་འགོ་བཏོན་པ་སྟེ། སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ཀྱི་ལག་རྩལ་གསར་གཏོད་བྱེད་ཤུགས་ཆེ་རུ་བཏང་ནས་སྤུས་ཚད་མཐོར་གཏོང་དང་བདེ་འཇགས་འགན་ལེན་གྱི་ཐོན་སྐྱེད་ལག་རྩལ་ཁག་གཅིག་ཁྱབ་གདལ་གཏོང་དགོས་པ་དང་། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། དྲ་སྦྲེལ་དང་། གྲངས་གཞི་ཆེན་པོ། མི་བཟོས་རིག་ནུས་སོགས་དང་ཞིང་ལས་མཉམ་འདྲེས་གཏིང་ཟབ་ཡོང་རྒྱུར་སྐུལ་འདེད་གཏོང་བ། ཞིང་ལས་ཐོན་རྫས་ཁུངས་འདེད་དོ་དམ་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་ཀྱི་ཁུངས་འདེད་ལས་སྟེགས་དང་སྦྲེལ་མཐུད་དང་མཉམ་འབྲེལ་མཉམ་མཐུད་ཡོང་བ་བྱེད་དགོས། ཞིང་ལས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཁྲིམས་ལས་འགལ་བ་དང་ཡིད་ཆེས་ཤོར་བའི་བྱེད་པོར“ཐོ་གཞུང་ནག་པོའི”ལམ་ལུགས་ལག་བསྟར་བྱེད་དགོས། གཞན་ཡང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་ལྟེ་བར་བྱས་པའི་སྲིད་ཇུས་འགན་ལེན་ལམ་སྲོལ་འཛུགས་པ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་རྫོང་དང་གྲོང་ཁྱེར་གཏོད་པའི་བྱེད་སྒོ་ཡག་པོ་སྤེལ་བ། ཁོངས་གཏོགས་ཀྱི་དཔུང་ཁག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། འདོན་གྲབས་ཡོད་པའི་《སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་འཐབ་ཇུས་འཆར་འགོད་》དོན་འཁྱོལ་བཅས་བྱས་ནས་སྤུས་ཚད་བདེ་འཇགས་དང་། ལྗང་མདོག་འཕེལ་རྒྱས། ཁོར་ཡུག་མཐུན་འཕྲོད། ཞིང་དུད་ཆུང་ངུ་འབབ་འཕར་ཡོང་རྒྱུ་སྣེ་ཁྲིད་བཅས་དཔྱད་ཞིབ་ཀྱི་ཚད་གཞིར་བརྩིས་ཏེ་དཔྱད་ཞིབ་འགན་འཁྲི་ལྕི་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།