འཚོལ་བཤེར།   
藏文频道
2018ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་2018ལོའི་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་
    1060ལྷག་ཙམ་སྤྲད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 05ཚེས་08ཉིན། 10:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ནོར་སྲིད་པུས་ཚེས་4ཉིན་གནས་ཚུལ་ཁྱབ་བསྒྲགས་བྱས་པ་ལྟར་ན། ནོར་སྲིད་པུས་ཉེ་དུས་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་322.64སྤྲོད་རྒྱུའི་བཀོད་སྒྲིག་བྱས་ཁར་2017ལོའི་ཟླ་10པར་སྔོན་དུ་སྤྲད་པའི་སྒོར་དུང་ཕྱུར་738.31བསྣན་ན་ཟླ་4པའི་ཟླ་མཇུག་བར་2018ལོའི་ཀྲུང་དབྱང་ནོར་སྲིད་ཀྱིས་ས་གནས་ལ་ཁ་གསབ་བྱེད་པའི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་1060.95ཡོངས་རྫོགས་སྤྲད་ཟིན་པ་དེ་2017ལོའི་བསྡུར་གཞི་ལས་དུང་ཕྱུར་200འཕར་ཡོད་པ་རེད།
         ནོར་སྲིད་པུའི་འབྲེལ་ཡོད་འགན་ཁུར་བས། ནོར་སྲིད་པུས་སྒོར་དུང་ཕྱུར་200མང་དུ་བཏང་ནས་ཚང་མ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཐད་རྒྱབ་སྐྱོར་བྱ་རྒྱུའི་ནང་མང་དུ་བཏང་བའི་སྒོར་དུང་ཕྱུར་120“བོད་དང་ཤིན་ཅང་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཀྲོའུ་གསུམ”གྱི་དབུལ་སྒྲོལ་འགག་སྒྲོལ་ཐད་རྒྱབ་སྐྱོར་བྱ་རྒྱུ་དང་སྦྲགས་ཀྲུང་དབྱང་ནོར་སྲིད་ཀྱིས“བོད་དང་ཤིན་ཅང་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཀྲོའུ་གསུམ”ལ་མང་དུ་བཏང་བའི་མ་དངུལ་ཕུད། “བོད་དང་ཤིན་ཅང་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཀྲོའུ་གསུམ”གནས་སའི་ཞིང་ཆེན་གྱིས་2017ལོའི་མ་དངུལ་གཞི་ཁྱོན་ལས་མི་དམའ་བའི་སྒོ་ནས“བོད་དང་ཤིན་ཅང་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་ཀྲོའུ་གསུམ”ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་དགོས། ཞིང་ཆེན་གཞན་གྱིས་ཀྱང་སྤྱི་འདོམས་ཀྱི་ཐོག་ནས་མ་དངུལ་བཀོད་སྒྲིག་བྱས་ཏེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།