འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོང་ཀོ(པུ)ཡི་ཙུང་ཐུང་གིས་ཁོང་ཀོ་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་
    སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁོང་ཀོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་སཱ་སུའུ་ཡིས་ཁོང་ཀོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         སཱ་སུའུ་ཡིས་ཉིན་དེར་གསར་དུ་བསྐོ་གཞག་བྱས་པའི་ཁོང་ཀོ(པུ)རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་མཱ་ཕུའུ་ལིན་གྱིས་རྒྱལ་ཡིག་འབུལ་བ་དང་ལེན་གནང་སྐབས། ཁོང་ཀོ་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་དེ་ནི་མིང་དོན་མཚུངས་པའི་གྲོགས་པོ་ཡག་པོ་དང་སྤུན་ཟླ་ཡག་པོ་ཞིག་རེད་ཅེས་གསུངས་པ་དང་། ཁོང་གིས་2016ལོར་རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཕྱོགས་གཉིས་པོའི་འབྲེལ་བ་དེ་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་གཏན་འཁེལ་བྱས་པས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་དངོས་སྒྲུབ་མཉམ་ལས་སྔར་བས་འཕེལ་རྒྱས་གཏོང་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
         སཱ་སུའུ་ཡིས་མཱ་ཕུའུ་ལིན་གྱིས་ལས་འགན་གསར་པ་འཁུར་བར་དགའ་བསུ་ཞུས་གནང་ཞིང་། ཁོང་གིས་ཁོང་ཀོ་ཕྱོགས་ཀྱིས་མཱ་ཕུའུ་ལིན་གྱི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་གསུངས་པ་རེད།
         མཱ་ཕུའུ་ལིན་གྱིས་ཁོང་ཀོ(པུ)ནི་ཨ་ཧྥེ་རི་ཁའི་གལ་ཆེའི་རྒྱལ་ཁབ་ཅིག་ཡིན་པ་དང་། ཙུང་ཐུང་སཱ་སུའུ་ནི་ཀྲུང་གོ་མི་དམངས་ཀྱི་གྲོགས་པོ་རྙིང་པ་ཞིག་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་སྐུལ་འདེད་འོག་ཀྲུང་གོ་དང་ཁོང་ཀོའི་འབྲེལ་བ་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ནས་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཁོང་གིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཀྲུང་གོ་དང་ཁོང་ཀོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་སྔར་བས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།