འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སྟེང་ཆེན་གྱི་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་སྲིད་གཞུང་དང་དམངས་ཁྲོད་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་མཉམ་དུ་བཏོན་པའི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་ལས་སྟེང་ཆེན་རྫོང་གཏམ་སྟོད་ཤང་རྒྱལ་མོ་རྔུལ་ཆུའི་ལུང་གཞུང་ས་ཁོངས་སུ་སྐྱེ་དངོས་སྣ་མང་ཕུན་སུམ་ཚོགས་པོ་ཡོད་པ་བསྟན་ཡོད་པ་རེད།
         རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱིས་ངོ་སྤྲོད་བྱས་པ་གཞིར་བཟུང་། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ནི་2018ལོའི་ཟླ་1པོ་ནས་ཟླ་3པ་བར་བྱས་པ་དང་། རྒྱལ་མོ་རྔུལ་ཆུའི་ལུང་གཞུང་གི་གཞི་ཁྱོན་སྤྱི་ལེ་ངོས་གྲུ་300ཙམ་ཚུད་ཡོད་པ་དང་དམར་ཕྱིའི་པར་ཆས་20ཡིས་གསའི་འགུལ་སྐྱོད་ཀྱི་སྣང་ཚུལ་ཐེངས་56པར་བླངས་ཐུབ་པ་མ་ཟད། ཤྭ་བ་ཁ་དཀར་དང་དྲེད་མོང་སོགས་རྩ་ཆེའི་སྲོག་ཆགས་ཀྱང་པར་བླངས་ཡོད།
        “གསའ་དང་དྲེད་མོང་སོགས་ཤ་གཟན་སྲོག་ཆགས་ཆེ་གྲས་ནས་ཝ་དམར་སོགས་ཤ་གཟན་སྲོག་ཆགས་ཆུང་གྲས་བར་དང་། དེ་བཞིན་ཤྭ་བ་ཁ་དཀར་སོགས་རྨིག་པ་ཡོད་པའི་སྲོག་ཆགས་ལས་རྒྱལ་མོ་རྔུལ་ཆུའི་སྣོད་བཅུད་མ་ལག་གང་ལེགས་མངོན་ཡོད”ཅེས་རང་བྱུང་སྲུང་སྐྱོང་ལྟེ་གནས་ཀྱི་ཀྲུའུ་རེན་ཀྲའོ་ཞང་གིས་བཤད།
        རྒྱལ་མོ་རྔུལ་ཆུ་ནི་རྒྱལ་སྤྱིའི་གཙང་པོ་སའང་ཝུན་གྱི་ཆུ་སྟོད་ཡིན་ཞིང་འབྱུང་ཁུངས་བོད་ལྗོངས་ནག་ཆུ་ཡིན་པ་དང་། མཐར་འབར་མ་ནས་ཧིན་རྡུ་རྒྱ་མཚོར་རྒྱུག་གི་ཡོད། རྒྱལ་མོ་རྔུལ་ཆུའི་ཆུ་རྒྱུད་དུ་མཐའ་གཉེན་མཐའ་འོག་དང་། པོ་ཧྲུའུ་ལ་ལིང་། གོ་ལེ་ཀུང་ལ་སོགས་ཚུད་ཡོད་པ་དེ་ནི་ཀྲུང་གོའི་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁོངས་གྲས་ཤིག་ཡིན། རྒྱལ་མོ་རྔུལ་ཆུའི་ཆུ་འགོ་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་ལ་བརྟག་ཞིབ་དང་སྲུང་སྐྱོང་བྱེད་པའི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།
        སྟེང་ཆེན་རྫོང་ཨུད་ཀྱི་ཧྲུའུ་ཅི་འཇིགས་མེད་ཀྱིས་སྟེང་ཆེན་རྫོང་གིས་སྣོད་བཅུད་ལྟ་ཞིབ་ཚད་ལེན་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་5X5ཡི་དྲ་མིག་སྤྱི་ལེ་གཞིར་བཟུང་། 2018ལོའི་ལོ་མཇུག་ཏུ་སླེབས་སྐབས་ཉུང་ཤོས་ལ་ཡང་རྫོང་ཡོངས་ཀྱི་30%ལ་དུས་ཡུན་རིང་པོའི་ལྟ་ཞིབ་ཚད་ལེན་བྱ་རྒྱུའི་བརྩོན་ལེན་བྱ་རྒྱུ་དང་། ད་ཐེངས་ཀྱི་བྱ་ཐབས་བརྒྱུད་སྣོད་བཅུད་མ་ལག་གི་སྤུས་ཚད་དང་བརྟན་པོའི་རང་བཞིན་མུ་མཐུད་མཐོ་རུ་བཏང་ནས་བོད་ཤར་ས་ཁོངས་ཀྱི་སྣོད་བཅུད་སྲུང་ཡོལ་ནུས་ཤུགས་ཡོད་རྒུས་གཏོད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།