འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་བྱང་སྐར་སྤུན་བདུན་མ་ལག་གི་ཕྱི་རྒྱལ་གྱི་ལྟེ་གནས་ཐོག་མ་དེ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཀྲུང་གོའི་བྱང་སྐར་སྤུན་བདུན་མ་ལག་གི་ཕྱི་རྒྱལ་གྱི་ལྟེ་གནས་ཐོག་མ་དེ་བཙུགས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་10ཉིན། ཐུ་ནི་སིའི་རྒྱལ་ས་ཐུ་ནི་སི་གྲོང་ཁྱེར་བྱང་འདབས་ཀྱི་ཅ་ཀྲ་ལ་ཚན་རྩལ་གླིང་དུ་ཨ་རབ་ཀྱི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་རྩ་འཛུགས་ཀྱི་དྲུང་ཆེ་མུའུ་ཧན་མོ་ཏེ་·པན་·ཨའོ་མའར(མདུན་གྱི་གཡོན་གྱི་གཉིས་པ)གྱིས་ཀྲུང་ཨ་བྱང་སྐར་སྤུན་བདུན་ལྟེ་གནས་སུ་ལྟ་སྐོར་བྱེད་པའི་གནས་ཚུལ་ཡིན་པ།
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐུ་ནི་སི་ནས་ཟླ་4ཚེས་10ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་བྱང་སྐར་སྤུན་བདུན་སྲུང་སྐར་ཕྱོགས་སྟོན་མ་ལག་གི་ཕྱི་རྒྱལ་གྱི་ལྟེ་གནས་ཐོག་མ་སྟེ། ཀྲུང་ཨ་བྱང་སྐར་སྤུན་བདུན་ལྟེ་གནས་ཚེས་10ཉིན་ཐུ་ནི་སིའི་ཨ་རབ་ཀྱི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་རྩ་འཛུགས་སྤྱི་ཁྱབ་པུའུ་རུ་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ་རེད།
         ཀྲུང་ཨ་བྱང་སྐར་སྤུན་བདུན་ལྟེ་གནས་དེ་རྒྱལ་ས་ཐུ་ནི་སི་གྲོང་ཁྱེར་གྱི་བྱང་འདབས་ཅ་ཀྲ་ལ་ཚན་རྩལ་གླིང་དུ་གནས་པ་དང་ཀྲུང་གོའི་སྲུང་སྐར་ཕྱོགས་སྟོན་མ་ལག་དོ་དམ་གཞུང་ལས་ཁང་གི་ཀྲུའུ་རེན་རན་ཁྲེང་ཆི་ཡིས་ལྟེ་གནས་དེ་གཙོ་བོ་ཨ་རབ་དང་དེ་བཞིན་ཨ་ཧྥེ་རི་ཁ་ས་ཁུལ་གྱི་རྒྱལ་ཁབ་ཏུ་ཕྱོགས་ནས་དྲིལ་བསྒྲགས་འགྲེམས་སྟོན་དང་། བཀོལ་སྤྱོད་འཕེལ་རིམ་གསལ་སྟོན། ཚད་ལེན་ཚོད་ལྟ་དང་དཔྱད་དཔོག སློབ་གསོ་གསོ་སྦྱོང་དང་མཉམ་འབྲེལ་ཞིབ་འཇུག་སོགས་ནུས་པ་གཅིག་ཏུ་བསྡུས་ནས་བྱང་སྐར་སྤུན་བདུན་གྱི་ཕྱོགས་སྟོན་མ་ལག་མངོན་པར་བྱེད་པའི་བཀོལ་སྤྱོད་ཕན་འབྲས་ཀྱི་སྐར་ཁུང་ཞིག་ཡིན་ལ་རྒྱལ་སྤྱིའི་སྤེལ་རེས་དང་མཉམ་ལས་ལ་སྐུལ་མ་གཏོང་བའི་ལས་སྟེགས་ཤིག་ཀྱང་རེད་ཅེས་བཤད།
         ཨ་རབ་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་རྩ་འཛུགས་ཀྱི་དྲུང་ཆེ་མུའུ་ཧན་མོ་ཏེ·པན·ཨའོ་མའར་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཀྲུང་ཨ་བྱང་སྐར་སྤུན་བདུན་ལྟེ་གནས་དེ་ཨ་རབ་ས་ཁུལ་དང་ཐ་ན་གོ་ལ་ཧྲིལ་པོར་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད། ཁོང་ཚོས་ཀྲུང་གོ་དང་སྲུང་སྐར་ཕྱོགས་སྟོན་ཁྱབ་ཁོངས་ཀྱི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་སྔོན་ཐོན་གྱི་ལག་རྩལ་སྤྱད་དེ་ས་ཁུལ་གྱི་ལག་རྩལ་ཡར་ཐོན་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་མ་གཏོང་རྒྱུ་རེད་ཅེས་བརྗོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།