འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཀྲང་ལི་མིང་གིས་རང་རྒྱལ་གྱི་ནགས་ཚལ་འཕེལ་རྒྱས་དེ"རྒྱ་ཁྱོན་ཆེར་གཏོང"ནས
    "སྤུས་ཚད་མཐོར་གཏོང"ལ་བསྒྱུར་དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “སླད་ཕྱིན་ནགས་ཚལ་གྱི་སྤུས་ཚད་མཐོ་རུ་བཏང་ནས་ནགས་ཚལ་གྱི་སྣོད་བཅུད་མ་ལག་བརྟན་པོ་ཡོང་ཚད་རྒྱུར་ཤུགས་སྣོན་རྒྱག་དགོས”རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཧོ་པེ་ཞིང་ཆེན་སའེ་ཧན་པཱ་འཕྲུལ་འདེབས་ནགས་རའི་ནགས་ར་གཙོ་བོ་པེ་མན་ཏན་ནགས་རའི་འགོ་གཙོ་ཀྲང་ལི་མིང་གིས“ནགས་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་བཏང་སྟེ་རང་རྒྱལ་གྱི་ནགས་ཚལ་དེ་རྒྱ་ཁྱོན་ཆེར་གཏོང་གི་ཕྱིར་འགྱེད་རྣམ་པའི་འཕེལ་རྒྱས་ནས་སྤུས་ཚད་མཐོར་གཏོང་གི་ནང་འགྱེད་རྣམ་པའི་འཕེལ་རྒྱས་བར་འགྱུར་ལྡོག་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་གསུངས་པ་རེད།
          ཀྲང་ལི་མིང་གིས་ཚན་རིག་དང་མཐུན་པའི་གཉེར་སྐྱོང་འདུ་ཤེས་ཟབ་ཏུ་བཏང་ནས་ནགས་ཚལ་འདེབས་གསོའི་བརྒྱུད་རིམ་ཧྲིལ་པོར་ཕྱོགས་བསྡུས་ཇུས་བསྟར་བྱས་ཏེ་འདེབས་གསོ་ཟུང་འབྲེལ་མཐའ་འཁྱོངས་དང་། གཅིག་སྡུད་ཡུག་འབྲེལ། གཞི་ཁྱོན་བཅོས་སྒྲིག་བཅས་བྱེད་དགོས། ཞན་སྒྱུར་གྱི་ཕན་འབྲས་དམའ་བའི་ནགས་ཚལ་ལ་དམིགས་ཏེ་གསབ་འདེབས་གསབ་གསོ་དང་རང་བྱུང་གསར་བརྗེས་ལ་སྐུལ་འདེད་གཏོང་བ་སོགས་སྐྱོང་གསོའི་བྱ་ཐབས་སྤྱད་ནས་ཞན་སྒྱུར་ནགས་ཚལ་སླར་གསོ་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ནགས་ཚལ་གྱི་སྤུས་ཚད་གནད་སྨིན་མཐོར་གཏོང་བྱེད་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།