འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།སྒྱུར་བཅོས་ཡག་པོ་བྱུང་མིན་དེ་མང་ཚོགས་བློ་ཡིད་ཚིམ་མིན་ལ་ལྟ་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 15:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          "སྒྱུར་བཅོས་ཀྱི་འབྲས་བུ་གང་འདྲ་བྱུང་མིན་དེ་གཙོ་བོ་མི་དམངས་མང་ཚོགས་བློ་ཡིད་ཚིམ་མིན་ལ་ལྟ་དགོས། མཐར་གཏུགས་ནས་བཤད་ན་དེ་བས་ནུས་ཆེའི་སྒོ་ནས་དམངས་ལ་ཁེ་ཕན་སྒྲུབ་མཁན་དང་། དམངས་ལ་བྱ་བ་དངོས་སྒྲུབ་མཁན། དམངས་ཀྱི་དཀའ་གནད་སེལ་མཁན་བཅས་ཀྱི་སྒྲིག་གཞི་འཛུགས་རྒྱུར་གཞི་ཚུགས་དགོས།"
                     —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་འབྲི་ཆུ་སློབ་ཆེན་གྱི་ཞའོ་ཀྲང་གཞོན་པ་ཀྲེང་ཅུན།
         “ལྷགས་པའི་འགལ་རྐྱེན་སེམས་ཐག་གཙང་བཅད་ཀྱིས་སེལ་དགོས། རྗེས་ལུས་ཀྱི་དོ་དམ་གང་མགྱོགས་བཅོས་སྒྲིག་བྱེད་དགོས”
                       —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཨན་ཧུའེ་ཞིང་ཆེན་ཤོན་ཁྲེང་གྲོང་ཁྱེར་གྱི་ཧྲེ་ཀྲང་ཀྲང་ཏུང་ཡུན།
         “སྲིད་གཞུང་གི་འགན་ནུས་ཁག་གཅིག་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུ་དང་འཚམ་པོ་མེད་པར་བརྟེན་དཀའ་ངལ་ག་ཚོད་འཕྲད་ཀྱང་དེ་བཅོས་སྒྲིག་བྱེད་དགོས་དེ་ནི་རང་ཉིད་ལ་གཤགས་བཅོས་བྱས་པ་ལྟ་བུ་ཡིན།”
                       —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཧེ་ལུང་ཅང་ཞིང་ཆེན་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཧྥུའུ་ཏའོ་པིན།
         “གོང་གི་རྩེ་རིམ་ཇུས་འགོད་ནས་འོག་གི་གཞི་རིམ་བཅོས་སྐྱོང་གང་ཡིན་ཡང་ཚང་མ་རྩ་ཁྲིམས་ཀྱི་འགན་སྲུང་བརྟན་པོ་དང་ཁ་འབྲལ་ཐབས་མེད”
                       —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཤིས་ཧོན་ཅང་མའོ་ནན་རིགས་རང་སྐྱོང་རྫོང་གི་རྫོང་དཔོན་ཧོང་པིན་ཧྥེང།
         “རུལ་རྒོལ་ཚང་མར་ཁྱབ་ཚེ། གཞི་ནས་ཐར་པར་གཏན་ནས་འགྲོ་མི་ཐུབ”
                       —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཐེན་ཅིན་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་ཅི་གོ་ཆང་།
          “ངར་ལྕགས་བཟོ་པས་ངར་ལྕགས་བཞུ་ཐུབ་པ་དང། ཚད་འཇལ་བཟོ་པས་མིག་གིས་བལྟས་པ་ཙམ་གྱིས་ཚོད་རྩིས་ཐུབ་པ། ཐོན་ལས་བཟོ་པ་ཚང་མས་རང་གི་འཇོན་ཐང་ལ་བརྟེན་ནས་འཚོ་ཐབས་བྱེད་འདོད་ལ་བཟོ་ལྟ་འདོན་ཐུབ”
                       —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་ཨུ་ཡོན་ཁྲུང་ཆིང་འཛུགས་སྐྲུན་ལས་གྲྭ་ཚོགས་པའི་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་གསུམ་པའི་ངལ་ལས་པན་གྱི་ཙུའུ་ཀྲང་ལིའུ་ཀྲུང་ཅུན།
         “མི་ཚང་མ་ཚེ་སྲོག་གི་སྲུང་སྐྱོབ་པར་འགྱུར་སྲིད། རྒྱལ་ཁབ་ཀྱི་ངོས་ནས་མྱུར་སྐྱོབ་འགན་མེད་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་བཏང་སྟེ་མི་དེ་བས་མང་བས་མྱུར་སྐྱོབ་འགན་མེད་ཀྱི་སྤྱད་འཐུས་ཁྱབ་ཁོངས་དང་ནང་དོན་ཤེས་པ་བྱས་ནས་སྐྱོབ་མི་ཕོད་པ་ལས་ཐོན་པའི་ཡ་ང་བའི་གནས་ཚུལ་མི་ལྷགས་པ་བྱེད་དགོས”
                        —— རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་སྙིང་ཁོག་ཁྲག་རྩ་སྦྲིད་སྨན་རིག་གཞུང་ལྷན་ཚོགས་ཀྱི་དྲུང་ཆེ་ཨའོ་ཧུའུ་ཧྲན།
            “ང་ཚོ་གཞི་རིམ་གྱི་ལས་བྱེད་པ་ཚོས་དུས་རབས་གསར་པའི་འབད་འཐབ་མཁན་ལ་ཡོད་དགོས་པའི་བློ་སྟོབས་དང་། སྙིང་རུས། ཆོད་སེམས། ཁ་ཞེ་གཉིས་མེད་བཅས་ལ་བརྟེན་ནས་གཞི་ཚུགས་པ་དང་། བྱ་བ་དངོས་སྒྲུབ་པ། ཐབས་དངོས་འདོན་པ་བཅས་ཀྱིས། ཏན་ཏན་ཏིག་ཏིག་གི་སྒོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལམ་བུའི་ཐོག་དཀའ་ངལ་ཁྱད་བསད་སྒོས་ཚང་མའི་སྣེ་འཁྲིད་ནས་མདུན་དུ་བསྐྱོད་ཚེ། དབུལ་སྒྲོལ་འགག་སྒྲོལ་གྱི་མཁྲེགས་སར་གཏུགས་ཐུབ་ངེས་རེད”
                       —— རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅང་ཤིས་ཞིང་ཆེན་རུའེ་ཅིན་གྲོང་ཁྱེར(རྫོང་རིམ་པའི་གྲོང་ཁྱེར)གྲོང་ཨུད་ཀྱི་ཧྲུའུ་ཅི་ཞུས་རུའེ།
      

    ཕྱོགས་བསྡུས་གསར་འགྱུར།