འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་གཏོད་ལ་བརྟེན་ནས་ལན་པར་གྱི"སྤུས་ཚད་གསར་བརྗེར"སྐུལ་འདེད་གཏོང་དགོས། 

    —— འཐུས་མི་དང་ཨུ་ཡོན་ཚོས་ཀྲུང་གོའི་ལན་པར་གྱི"བྱ་ཐབས་གསར་པར"གྲོས་འགོ་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “ལོ་ལྟར་རང་རྒྱལ་གྱི་འདུས་གྲུབ་གློག་ལམ་དང་གློག་རྡུལ་ལྷུ་ལག་ནང་འདྲེན་བྱེད་ཚད་ཨ་སྒོར་དུང་ཕྱུར་5000ལྷག་ཟིན་པ་དེ་མ་བཅོས་རྡོ་སྣུམ་ནང་འདྲེན་བྱེད་པ་ལས་མང་བ་ཡོད། སྙིང་ལྕགས་ཁོ་ནར་ཨ་སྒོར་དུང་ཕྱུར་2400ཟིན་གྱི་ཡོད”ཅེས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་གློག་རྡུལ་ཆ་འཕྲིན་ཐོན་ལས་ཚོགས་པའི་ཏུང་ཧྲི་ཀྲང་རུའེ་ཞའོ་ཝུའུ་ཡི་གཏམ་བཤད་ལ་ཚོགས་འདུ་གཉིས་ཀྱི་སྐབས་ཀུན་གྱིས་དོ་ཁུར་བྱེད་ཀྱི་ཡོད།
         འཐུས་མི་དང་ཨུ་ཡོན་ཁག་གཅིག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་དགོས་ན་ཀྲུང་གོའི་ལན་པར་ངེས་པར་དུ་ལག་རྩལ་གྱི་འགག་སྒོ་སྒྲོལ་ཤུགས་ཆེ་རུ་བཏང་སྟེ་གསར་གཏོད་ལ་བརྟེན་ནས“སྤུས་ཚད་གསར་བརྗེར”སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་གནང་གི་ཡོད།
         ལག་རྩལ་གཙོ་བོ་ནི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཡིན།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཤིན་ཤིང་ཅིས་ཧྭ་ཚོགས་པའི་ཏུང་ཧྲི་ཀྲང་ཤིས་གོ་ཧྭ་ཡིས་ཕྱི་རྒྱལ་གྱི་སྔོན་ཐོན་ལག་རྩལ་ནང་འདྲེན་དང་། ལད་ཟློས། བསྐྱར་ཟློས་བཅས་ཁོ་ནར་བརྟེན་ནས་རྒྱུ་ཆ་ཚང་མའི་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་བ་དང་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དུས་སྐབས་འདས་ཟིན་པ་དང་། རང་བརྟེན་གསར་གཏོད་ལ་བླང་བྱ་སྔར་བས་མཐོ་བ་ཡོད་པས་ལག་རྩལ་དེ་ཉིད་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་རང་བཞིན་གྱི་ཐོན་ཁུངས་དང་རྒྱལ་སྤྱིའི་འགྲན་རྩོད་ནུས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་རིམ་གྱིས་འགྱུར་བཞིན་ཡོད་ཅེས་གསུངས།
        “གསར་གཏོད་ནི་འཚོ་གནས་ཐུབ་པའི་མཆོག་ནོར་ཡིན་ལ་ཐབས་ལམ་འབའ་ཞིག་ཀྱང་ཡིན”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་TCLཚོགས་པའི་ཏུང་ཧྲི་ཀྲང་ལི་ཏུང་ཧྲེང་གིས་གསུངས་ཤིང་། ཁོང་གིས་རྩེར་སོན་བཟོ་སྐྲུན་ལས་རིགས་ཁག་གཅིག་ལ་རྒྱལ་སྤྱིའི་འགྲན་རྩོད་དྲག་པོ་དང་ལག་རྩལ་གྱི་དཀའ་གནད་ཅུང་ཆེན་པོ་འཕྲད་ཀྱི་ཡོད་པས། དུས་འགོའི་མ་དངུལ་ཕོན་ཆེན་བཏང་ནའང་ཕན་འབྲས་ཐོན་ཁག་པོ་ཡོད། ཡིན་ནའང་དཀའ་ངལ་ཇི་ཙམ་ཆེ་ཡང་བློ་བརྟན་འགྱུར་མེད་ངང་གསར་གཏོད་བྱེད་དགོས་ཞེས་གསུངས།
         ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱས་པ་ཞིག་ཡིན།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཀྲུང་གོ་དཔར་དབང་མཐུན་ཚོགས་ཀྱི་ལས་འཛིན་དཔོན་གཡན་ཞའོ་ཧུང་གིས་ཤེས་བྱའི་བདག་དབང་ནི་གསར་གཏོད་སྐྱེད་སྲིང་བྱེད་པའི་ས་རྒྱུ་གཤིན་པོ་ཞིག་རེད། མི་ཐབས་ལ་བརྟེན་པའི་རིག་ནུས་དང་རྒྱུ་ཆ་གསར་པ་སོགས་ཀྱི་ཐོན་ལས་དར་བ་དང་སྦྲགས་ཤེས་བྱའི་བདག་དབང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཏེ་གསར་གཏོད་འཕེལ་རྒྱས་ཀྱི་འགྲན་རྩོད་ནུས་པ་གཙོ་བོར་འགྱུར་བ་བྱེད་དགོས་ཞེས་གསུངས།
         ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་བཏོད་དེ་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས།
          ལི་ཏུང་ཧྲེང་གིས“མཐར་གཏུགས་ནས་བརྗོད་ན་ཁྲོམ་རའི་ཁོར་ཡུག་སྔར་བས་ལེགས་པ་དང་འགྲན་རྩོད་སྔར་བས་མང་བ་ཡོད་དགོས། དེ་ལྟར་བྱུང་ན་ཁེ་ལས་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་སྲིད”གསར་གཏོད་ཀྱི་སྔོན་འགྲོ་ནི་ཁྲོམ་ར་ཅན་གང་ལེགས་ཡོང་བ་བྱས་ཏེ་ཁེ་ལས་དེ་ཉིད་མ་འཇོག་གི་བྱེད་པོར་འགྱུར་བ་མ་ཟད་དེས་འགན་འཁྲི་གཙོ་བོ་འཁུར་ཐུབ་པ་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།