འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་གྱི་སུང་ཁ་ཧྥུའུ་ཡིས“མཚོ་ཐོག་དར་གོས་ལམ་བུའི”འགྲེམས་སྟོན་གཉེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཐེ་ལན་ལྷོ་རྒྱུད་ཀྱི་སུང་ཁ་ཧྥུའུ་རུ“མཚོ་ཐོག་དར་གོས་ལམ་བུའི”འགྲེམས་སྟོན་གཉེར་བ་རེད། ཐེ་ལན་གྱི་ཙུང་ལི་གཞོན་པ་ཝེ་ཧྲ་ནུའུ་དང་། ཐེ་ལན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལུའེ་ཅན། དེ་བཞིན་ཐེ་ལན་གྱི་སྲིད་ཕྱོགས་ལས་རིགས་དང་ཐེ་ལན་ལྷོ་རྒྱུད་ཀྱི་ཕྱིར་སྡོད་ཀྲུང་གོ་བའི་ལས་དོན་ཁང་གི་འཐུས་མི་དང་ཐེ་ལན་གྱི་སྤྱི་དམངས་སོགས་མི་1500ཙམ་ཞུགས་པ་རེད།
        ཝེ་ཧྲ་ནུའུ་ཡིས་ཤིས་ཚིག་སྒྲོན་སྐབས་སུང་ཁ་དང་མཚོ་ཐོག་དར་གོས་ལམ་བུའི་དབར་གྱི་འབྲེལ་བ་དང་ཀྲུང་གོ་དང་ཐེ་ལན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་ལོ་རྒྱུས་ངོ་སྤྲོད་བྱས་ཤིང་། ཁོང་གིས་ཐེ་ལན་གྱི་ལོ་རྒྱུས་ཐོག་ཀྲུང་གོའི་ཤུགས་རྐྱེན་ཆེན་པོ་ཡོད་པ་དང་ཐེ་ཀྲུང་མཉམ་ལས་ལས་ཐེ་ལན་ལ་ཕན་པ་ཆེན་པོ་ལྡན་ཡོད་ཅེས་བཤད། ཁོང་གིས་སུང་ཁའི་ལས་རིགས་ཁག་གིས་དེང་རབས་ཀྱི་མཚོ་ཐོག་དར་གོས་ལམ་བུ་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་སྒོ་མོའི་བར་ཤར་གཏོང་ཐུབ་པའི་ས་ཁོངས་ཀྱི་ལེགས་ཆ་ཆེན་པོ་ལྡན་པའི་སུང་ཁ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱས་པ་རེད།
         ལུའེ་ཅན་གྱིས་ཤིས་ཚིག་སྒྲོན་སྐབས་ཀྲུང་གོས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་རོལ་བཅས་ཀྱི་རྩ་དོན་ཐོག་ནས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་གི་ཡོད། ཀྲུང་གོས་འབྱུང་འགྱུར་སྒོ་དབྱེ་སྔར་བས་རྒྱ་ཆེར་བཏང་ནས་ཕྱོགས་ཁག་དང་མཉམ་དུ་སྤུས་ཚད་མཐོ་པོའི་ངང“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ་དང་ཆབས་ཅིག སྲིད་ཇུས་དང་། སྒྲིག་སྲོལ། ཚད་གཞི་བཅས་སྦྲེལ་མཐུད་བྱས་ནས་མཉམ་ལས་ཀྱི་འབྲས་བུས་འཛམ་གླིང་ལ་ཕན་བདེ་བསྐྲུན་ཐུབ་པ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།