འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་རོན་ཕུས་ཨ་རིའི་རྒྱལ་དོན་བློན་ཆེན་བརྗེ་རྒྱུའི་ཁྱབ་བསྒྲགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་13ཉིན་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་ཁྱབ་བསྒྲགས་གནང་བར། ད་ལྟ་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་བཞིན་པའི་ཕེང་ཕེ་ཨའོ་ཡིས་རྒྱལ་དོན་བློན་ཆེན་ཏི་ལེ་སེན་གྱི་གོ་གནས་བཞེས་རྒྱུའི་མིང་འདོན་བྱས་པ་རེད།
        ཐེ་རོན་ཕུས་ཉིན་དེའི་ཞོགས་པར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་གྱི་ཐུའེ་ཐེའི་ཐོག་ཡིག་ཆ་བཀྲམ་ནས་གཏན་འབེབས་དེ་ཁྱབ་བསྒྲགས་བྱས་པ་རེད། དེ་དང་ཆབས་ཅིག་ཁོང་གིས་ད་ལྟ་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཡིན་པའི་ཅེ་ན·ཧ་སི་ཕེར་ཡིས་ཀྲུང་དབྱང་གསང་འཕྲིན་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར་རྒྱུའི་མིང་འདོན་བྱས་པ་རེད།
         ཏི་ལེ་སེན་གྱིས་1975ལོ་ནས་བཟུང་རྡོ་སྣུམ་སྒེར་སྡེམ་པ་ཨའེ་ཁེ་སེན་མེ་ཧྥུའུ་ཀུང་སིར་ལས་འགན་འཁུར་བ་དང་། 2006ལོ་ནས་བཟུང་ཀུང་སི་དེ་གའི་དབུ་བཞུགས་ལག་བསྟར་དཔོན་གྱི་འགན་འཁུར་ཞིང་། ཁོང་གིས་ཨ་རིའི་ཁེ་ལས་ཀྱི་མིང་ཐོག་ནས་ཨུ་རུ་སུའི་དཔལ་འབྱོར་ཉོ་ཚོང་དང་ནུས་རྒྱུ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཕོ་བྲང་ཁེ་ལི་མུའུ་ལིན་གྱིས་ཨུ་རུ་སུའི་མཛའ་གྲོགས་ཀྱི་བྱས་རྗེས་གཟེངས་རྟགས་སྤྲད་པ་རེད། 2014ལོར་ཡུག་རེན་གྱི་ཉམས་ཉེན་ཐོན་པའི་དབང་གིས་ཨ་རི་དང་ཡོ་རོབ་ཀྱིས་ཨུ་རུ་སུར་བཀག་སྡོམས་བྱས་པའི་ཐད་ཏི་ལེ་སེན་གྱིས་བསམ་འཆར་མི་འདྲ་བ་བཏོན་ཡོད། 2016ལོའི་ཟླ་12ཚེས་13ཉིན་ཐེ་རོན་ཕུས་ཏི་ལེ་སེན་རྒྱལ་དོན་བློན་ཆེན་ལ་གདམ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། རྒྱལ་དོན་བློན་ཆེན་གྱི་འགན་མ་ཁུར་གོང་ཏི་ལི་སེན་ལ་སྲིད་དོན་སྒྲུབ་པའི་ཉམས་མྱོང་གང་ཡང་མེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།