འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གིས་ཕ་རི་སིའི་མཐོ་སློབ་སློབ་མ་གཞུང་ཚབ་
    ཁང་དུ་ལྟ་སྐོར་ལ་གདན་དྲངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་17ཉིན། 14:49】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཕ་རི་སིའི་ཆབ་སྲིད་སློབ་གླིང་གི་སློབ་མ་དང་སློབ་གྲྭའི་འཐུས་མི་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་དུ་ལྟ་སྐོར་ལ་གདན་དྲངས་པ་རེད། ཁོང་ཚོས་གཞུང་ཚབ་ཁང་དུ་དཀར་ཡོལ་དང་རང་རྒྱལ་གྱི་སྲོལ་རྒྱུན་རི་མོར་ལྟ་སྐོར་བྱས་པ་དང་། ཀྲུང་གོའི་རོལ་དབྱངས་ཉམས་སུ་མྱོང་བ་དང་ཀྲུང་གོའི་ཟས་མཆོག་གི་དྲོ་བ་གཟིགས་པ་མ་ཟད། ད་དུང་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཀྲའེ་ཅོན་གྱིས་གནང་བའི་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་གྱི་ངོ་སྤྲོད་ཀྱང་གསན་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་ཧྥ་རན་སེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཕ་རི་སིའི་ཆབ་སྲིད་སློབ་གླིང་གི་སློབ་མ་སྒྲིག་འཛུགས་ཐེངས་དང་པོ་བྱས་ནས་གཞུང་ཚབ་ཁང་དུ་ལྟ་སྐོར་ལ་གདན་དྲངས་པའི་བྱེད་སྒོ་ཞིག་རེད། ཧྥ་རན་སེ་དང་། ཨ་རི། འཇར་མན། དབྱི་ཐ་ལི། སི་ཕེན་སོགས་རྒྱལ་ཁབ་20ལྷག་ཙམ་གྱི་སློབ་མ་70ཙམ་ཉིན་དེའི་བྱེད་སྒོར་ཞུགས་ཡོད་པ་རེད།
        ཀྲའེ་ཅོན་གྱིས་ཀྲུའུ་གོ་དང་ཧྥ་རན་སེའི་འབྲེལ་བ་དང་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་ཐེངས་དང་པོ་གནང་བའི་སྐོར་སློབ་མ་ཚོར་ཞིབ་ཅིང་ཕྲ་ལ་ཕྱོགས་ཡོངས་ནས་འགྲེལ་བཤད་བསྐྱོན་པ་མ་ཟད། ཇི་ལྟར་བྱས་ནས་ཀྲུང་གོའི་དཔལ་འབྱོར་དང་ཀྲུང་གོའི་ཕྱི་འབྲེལ་ལ་ལྟ་སྟངས་འཛིན་དགོས་ལུགས་རྒྱས་བཤད་གནང་བ་རེད། ཁོང་གིས་སློབ་མ་ཚོར་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།
         བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་ཆེད་ལས་སློབ་སྦྱོང་བྱེད་བཞིན་ཡོད་པའི་ནི་ཀྲེ་རི་ཡའི་ཞིབ་འཇུག་སློ་མ་ཤིས་ཡུས་ཀ·ཨ་ཅ་རིས“དེ་རིང་གི་བྱེད་སྒོར་དམིགས་བསལ་གྱི་དོན་སྙིང་ལྡན་པ་རང་ཉིད་ལ་མྱོང་ཚོར་བྱུང་། ད་རེས་ཀྱི་བྱེད་སྒོའི་ཐོག་སྒོ་འབྱེད་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་པར་བྱས་པས་ང་ཚོས་སྔར་བས་ཡང་དག་པ་དང་དོན་དངོས་དང་མཐུན་པའི་སྒོ་ནས་ཀྲུང་གོ་ཤེས་རྟོགས་ཐུབ་བྱུང”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།