འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཀུའོ་ཧྥུང་ལེན་གྲོང་གསེབ་ཀྱི་གཞིས་སྲུང་རྒན་རྒོན་ལ་རྒན་གསོ་ཁང་དགོས་
    མཁོ་ཆེ་བ་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 13:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། “རང་ཉིད་གྲོང་གསེབ་ཏུ་སྐྱོད་སྐབས་ལོ་བརྒྱད་བཅུ་དགུ་བཅུ་ལ་སླེབས་པའི་རྒན་རྒོན་འགའ་ཞིག་གིས་སྔར་བཞིན་ཁྱིམ་དུ་ལྟོ་ཆས་བཟོ་བ་དང་གད་བདར་རྒྱག་པ་མཐོང་བྱུང་། འཚོ་བའི་ཐད་ཁོང་ཚོ་རང་ཉིད་ལ་བརྟེན་དགོས་ཀྱི་འདུག མི་ཚོགས་དེ་དག་ལ་གྲོང་ཚོའི་རྒན་གསོ་ཁང་ཞིག་བསྐྲུན་རྒྱུའི་དགོས་པ་ཤིན་ཏུ་ཆེ”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཅིན་ཀྲུང་གྲོང་ཁྱེར་ཤིས་དབྱང་རྫོང་ཏ་ཀྲའེ་གྲོང་རྡལ་ཏ་ཀྲའེ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཀུའོ་ཧྥུང་ལེན་གྱིས་གསུངས་པ་རེད།
         གྲོང་ཁྱེར་དང་འདྲ་བར་གྲོང་གསེབ་ཏུ་རྒན་རྒོན་ཅན་དུ་འགྱུར་མགྱོགས་སུ་འགྲོ་བཞིན་ཡོད། དུས་མཚུངས་སུ་ངལ་རྩོལ་མི་འབོར་གྲོང་ཁྱེར་དུ་འགྲོ་ཚད་མཐོ་རུ་ཕྱིན་པའི་དབང་གིས“གཞིས་སྲུང་རྒན་རྒོན”གྱི་གནད་དོན་འཕྲད་ཡོད། རྒན་གསོའི་གནད་དོན་དེ་གྲོང་གསེབ་ཀྱི་ངོས་ནས་བརྗོད་ན་དེ་བས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཞིག་ཏུ་གྱུར་ཡོད་ཅེས་གཞི་རིམ་གྱི་འཐུས་མི་མི་ཉུང་བ་ཞིག་གིས་གསུངས་པ་རེད།
         གནད་དོན་དེར་དམིགས་ཏེ་འཐུས་མི་ཀུའོ་ཧྥུང་ལེན་གྱིས་དང་ཐོག་དབུལ་སྐྱོར་མ་དངུལ་དག་ཁྱིམ་ཚང་དབུལ་བའི་རྐྱེན་གྱིས་ཁྱིམ་སྡོད་རྒན་གསོ་བྱེད་མཁན་རྒན་རྒོན་ལ་གནད་ལ་འཁེལ་པོས་གཏོང་རྒྱུ་དང་གཞན་ཡང་རྒན་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་རྒན་གསོའི་ཞབས་ཞུའི་ཐད་ཕུགས་ཕན་ལམ་སྲོལ་ཞིག་འཛུགས་རྒྱུའི་གྲོས་འགོ་བཏོན་གནང་བ་རེད། “སྲིད་ཇུས་ཐོག་ནས་རོགས་སྐྱོར་བྱེད་དགོས་ཤིང་། གྲོང་ཚོའི་མི་འབོར་དང་གནས་ཡུལ་སོགས་དོན་དངོས་གནས་ཚུལ་གཞིར་བཟུང་། གཞི་ཁྱོན་འོས་འཚམ་གྱི་རྒན་གསོ་ཁང་དང་ཐ་ན་རྒན་གསོ་ཁང་ཆུང་གྲས་ཐག་ཉེ་སར་འཛུགས་དགོས་པ་མ་ཟད། ད་དུང་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེའི་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་གང་ཐུབ་བྱེད་དགོས”ཞེས་ཀུའོ་ཧྥུང་ལེན་གྱིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།