འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།དམག་དམངས་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་འབྱོར་ཕྱུག་ལྡན་ན་དམག་དཔུང་སྟོབས་ཆེར་འགྲོ་ཐུབ། དམག་དཔུང་སྟོབས་ཆེར་སོང་ན་གཞི་ནས་རྒྱལ་ཁབ་སྲུང་སྐྱོབ་བྱེད་ཐུབ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འཐུས་མི་ཚོགས་པའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་སྐབས། དམག་དམངས་མཉམ་འདྲེས་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ། འཐབ་ཇུས་ཀྱི་སྣེ་ཁྲིད་དང་། སྒྱུར་བཅོས་གསར་གཏོད། དམག་དཔུང་དང་ས་གནས་དབར་མཐུན་སྦྱོར། ལས་འགན་དོན་འཁྱོལ་བཅས་ལ་ཤུགས་སྣོན་རྒྱག་དགོས་པ་སོགས་ཀྱི་ཞིབ་ཕྲའི་བླང་བྱ་བཏོན་ནས་དུས་རབས་གསར་པའི་དམག་དམངས་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་ཆེད་ཁ་ཕྱོགས་གསལ་སྟོན་གནང་བ་རེད།
         མི་འགྱུར་རྡོ་རྗེ་བྲག་ལྟར་བརྟན་པའི་དམག་སྲིད་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ནི་དུས་ནམ་ཡང་མི་དམངས་དམག་དཔུང་རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པའི་མཆོག་ནོར་གལ་ཆེན་ཞིག་རེད་ལ། དམག་དམངས་མཉམ་འདྲེས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ནུས་གལ་ཆེན་ཞིག་ཀྱང་རེད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་བྱ་རྒྱུ་ནི་ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་བྱ་གཞག་ཅིག་རེད། དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀས་དམག་གིས་དམངས་ལ་གཅེས་པ་དང་དམངས་ཀྱིས་དམག་ལ་བཀུར་བའི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དར་སྤེལ་བཏང་སྟེ་དམག་སྲིད་དང་དམག་དམངས་དབར་གྱི་འབྲེལ་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་ཚེ། ཀྲུང་གོའི་ཁྱད་ཆོས་ཀྱི་དམག་དམངས་མཉམ་འདྲེས་དང་འཕེལ་རྒྱས་ཀྱི་ལམ་བུ་ཇི་ཙམ་སྐྱོད་པ་དེ་ཙམ་གྱིས་ཡོངས་སུ་འགྲོ་ཐུབ་ངེས་ཡིན་པས། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས།
      

    ཕྱོགས་བསྡུས་གསར་འགྱུར།