འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ལིའུ་ཀྲུང་ཅུན་གྱིས་མི་ལ་འཇོན་ཐང་ལྡན་གྱུར་ན་རིན་ཐང་ལྡན་པ་སྨོས་མེད་རེད་
    ཅེས་གསུང་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདི་ལོ་ལོ་42ལ་སླེབས་པའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཁྲུང་ཆིང་ཨར་ལས་བཟོ་གྲྭའི་འཛུགས་སྐྲུན་ཚད་ཡོད་འགན་འཁྲི་ཀུང་སི་གསུམ་པའི་ངལ་རྩོལ་པན་གྱི་ཙུའུ་ཀྲང་ལིའུ་ཀྲུང་ཅུན་ནི་ཁྲུང་ཆིང་ཁྲང་ཧྲོའུ་ཆུས་ཏུའུ་ཀྲོའུ་གྲོང་རྡལ་ཕོ་ཐུ་གྲོང་ཚོའི་གྲོང་མི་ཞིག་རེད། ཕྱིར་ལས་ཀ་བྱས་ནས་ལོ་20ལྷག་ཙམ་གྱི་རིང་བྱང་ཆུབ་པའི་ཤིང་བཟོའི་ལས་ཀ་དེ་ནི་ཐོག་མཐའ་བར་གསུམ་དུ་ཁོང་གི་སྤོབས་པ་བྱེད་འོས་པའི་ལས་ཀ་ཞིག་རེད།
         ཕྱིར་ལས་ཀ་བྱས་ནས་ལོ་བཅུ་གྲངས་སོང་བའི་ལིའུ་ཀྲུང་ཅུན་ལ་ཁྲུང་ཆིང་གྲོང་ཁྱེར་གྱི“ཞིང་པ་ལས་མི་རྩེ་གྲ་བཅུ”དང་ཁྲུང་ཆིང་གྲོང་ཁྱེར་གྱི་ངལ་རྩོལ་དཔེ་བཟང་བ་སོགས་ཀྱི་མཚན་སྙན་སྔ་རྗེས་སུ་ཐོབ་པ་དང་། ཁོང་གིས་བཟོས་པའི་ཤིང་ལུགས་སྒྲོལ་ཧ་ལམ་བཟོ་ལྟ་འགྱུར་མྱོང་མེད། ཨར་འདམ་ལྕགས་རྩིབས་མའི་ཀ་གདུང་འཇམ་ལ་བརྟན་པོ་ཡོད་པ་རེད། ལིའུ་ཀྲུང་ཅུན་གྱིས། འཇོན་ཐང་ལ་ཉམས་སད་ཐེག་ཐུབ་པ་ཞིག་ཡོད་ན་ལས་ཀ་གང་ཞིག་བྱས་ཀྱང་ཚང་མར་རིན་ཐང་མངོན་ཐུབ་པའི་ཡིད་ཆེས་བརྟན་པོ་བྱེད་ཀྱི་ཡོད།
         ཞིང་པ་ལས་མིའི་ཚོགས་སྤྱི་ནས་ཡོང་ཞིང་བསྟུད་མར་འཐུས་མིའི་འགན་འཁུར་མཁན་ཞིག་གི་ངོས་ནས། ལིའུ་ཀྲུང་ཅུན་གྱིས་ལོ་མང་རིང་ཐོག་མཐའ་བར་གསུམ་དུ་ཚོགས་སྤྱི་དེའི་རེ་འདོད་ལ་དོ་ཁུར་བྱེད་ཀྱི་ཡོད། ད་ཐེངས་ཚོགས་འདུར་ཞུགས་ནས་ཁོང་གིས་ཞིང་པ་ལས་མིའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་འགོ་ཞིག་བསྣམས་ཡོད་ཅིང་། ཁོང་གིས་རྒྱལ་ཁབ་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག་ཐོན་ལས་བཟོ་པའི་ལག་རྩལ་གསོ་སྦྱོང་གི་ཕན་འབྲས་མཐོ་རུ་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།