འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝང་ཅིན་ཞི་“‘དལ་བགྲོད་མེ་འཁོར’གྱི་དབུལ་སྒྲོལ་ལ་མདུན་ལམ་ཧ་
    ཅང་ཆེན་པོ་ཡོད”

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་15ཉིན། 13:23】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན“‘དལ་བགྲོད་མེ་འཁོར’གྱི་དབུལ་སྒྲོལ་ལ་མདུན་ལམ་ཧ་ཅང་ཆེན་པོ་ཡོད”ཀྲུང་གོ་ལྕགས་ལམ་ཧར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཏུང་ཧྲི་ཀྲང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝང་ཅིན་ཞིས“ང་ཚོས་སྤྱི་ཕན་རང་བཞིན་གྱི་སྐྱེལ་འདྲེན་སྔོན་ལ་ལག་བསྟར་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་ཧེ་ལུང་ཅང་དང་ནང་སོག་ཤར་རྒྱུད་ས་ཁུལ་དུ་སྤྱི་ཕན་རང་བཞིན་གྱི‘དལ་བགྲོད་མེ་འཁོར’ཆ་21བཏང་སྟེ་ལོར་འགྲུལ་པ་མི་ཐེངས་ཁྲི་728.7སྐྱེལ་འདྲེན་བྱ་རྒྱུ་ཡིན”ཞེས་གསུངས།
         ཝང་ཅིན་ཞིས་རྒྱབ་ཁབ་ཀྱིས་སྤྱི་ཕན་རང་བཞིན་གྱི“དལ་བགྲོད་མེ་འཁོར”ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བར་ངེས་པར་དུ་མ་དངུལ་གྱི་ཁ་གསབ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་དང་ཆབས་ཅིག་ལྕགས་ལམ་དང་། གཞུང་ལམ། མཁའ་འགྲུལ། ཡུལ་སྐོར་བསྡུ་འགྲེམས་སོགས་ཀྱི་ནུས་པ་གཅིག་འདོམས་བྱས་ཏེ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ལྷག་པར་དུ་ཕྱོགས་བསྡུས་རང་བཞིན་གྱི་ལྟེ་བའི་འགྲུལ་སྐྱེལ་ས་ཚིགས་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོ་སྐོང་ཆེད་ནུས་ལྡན་གྱི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་བཀོད་འགན་ལེན་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།