འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་ལྷག་བསམ་ཟོལ་མེད་
    ཀྱི་བསམ་པར་འཛམ་གླིང་གིས་བསྔགས་བརྗོད་བྱས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ”ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྙན་སྒྲོན་ནང་གི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་རྩ་ཁྲིམས་བཟོ་བཅོས་འཆར་ཟིན་གྱི་མ་ཟིན་ནང་བཅུག་ཡོད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“ང་ཚོས་སྔ་ཕྱི་བར་གསུམ་དུ་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་བཏང་ནས་རྒྱལ་སྤྱི་དང་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་འགན་འཁུར་བའི་རྒྱལ་ཁབ་ཆེ་མོའི་ནུས་པ་མུ་མཐུད་འདོན་སྤེལ་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཁག་དང་མཉམ་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་བྱེད་འདོད་ཡོད”ཅེས་གསལ་པོ་འཁོད་ཡོད།
          ཉིན་ཤས་བསྟུད་མར། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོས་འཛམ་གླིང་ཡོངས་དང་མཉམ་དུ་མཛེས་སྡུག་ལྡན་པའི་མདུན་ལམ་གཏོད་པའི་བློ་བརྟན་འགྱུར་མེད་ཀྱི་དད་སེམས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་། འབྱུང་འགྱུར་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་འཐུས་ཚང་དང་རྒྱུན་མཐུད་ཞི་བདེའི་འཛམ་གླིང་ཐུན་མོང་ཐོག་བསྐྲུན་རྒྱུའི་ཐད་ཧུར་ཐག་ཞུགས་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
         ཀྲུང་གོས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་། རྒྱུན་མཐུད་ཞི་བདེ་དང་ཡོངས་ཁྱབ་བདེ་འཇགས་ཀྱི་དོན་སྤྱི་བཏོན་པ། འཛམ་གླིང་རྒྱལ་ཁབ་ཁག་ལ་རྣམ་པ་མཐའ་དག་གི་འཇམ་འཐབ་བསམ་པ་དོར་ནས་ཐུན་མོང་དང་། ཕྱོགས་བསྡུས། མཉམ་ལས། རྒྱུན་སྲིང་བཅས་ཀྱི་བདེ་འཇགས་འདུ་ཤེས་གསར་པ་འཛུགས་དགོས་པའི་གྲོས་འགོ་བཏོན་པ་རེད།
         ཀྲུང་གོས་བདེ་འཇགས་འདུ་ཤེས་གསར་པ་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱས་པའི་ཐད་པར་ཙིར་ལི་གཡོད་རེ་ནེ་ལུའུ་ཀྲོའུ་སློབ་ཆེན་རྒྱལ་སྤྱིའི་འབྲེལ་བའི་ཚན་ཁག་གི་ཀྲུའུ་རེན་མའོ་ལི་ཤིས་ཨའོ·སང་ཐུའོ་ལུའོ་ཡིས་ཁས་ལེན་གང་ལེགས་བྱས་ཤིང་། ཁོང་གིས་ཨེ་ཤེ་ཡ་དབུས་རྒྱུད་ས་ཁུལ་དུ་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་བརྒྱུད་ཐུན་མོང་ཐོག་ས་ཁུལ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་འཇིགས་སྐུལ་རིང་ལུགས་དང་ཐལ་སྐྱོད་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། ཨ་ཧྥེ་རི་ཁར་ཀྲུང་གོས་ཧུང་ཧའེ་ས་ཁུལ་གྱི་མཚོ་ཇག་ལ་རྡུང་རྡེག་གཏོང་བ་སོགས་ཀྱི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ཨ་ཧྥེ་རི་ཁར་མ་འཇོག་བྱ་རྒྱུར་ཁོར་ཡུག་བཟང་པོ་བཏོད་ཡོད། འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་བྱ་སྤྱོད་དེ་དག་ལས་རྒྱལ་ཁབ་ཚང་མར་ཕན་པ་ཐོབ་པ་མ་ཟད། འཛམ་གླིང་རྒྱལ་ཁབ་ཁག་གི་རྒྱུན་སྲིང་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་ཞིག་ཡིན་ཞེས་བརྗོད་པ་རེད།
         ཕ་ལེ་སི་ཐན་མི་རིགས་གྲོས་འགོ་རྩ་འཛུགས་ཀྱི་ཀྲུའུ་ཞི་མུའུ་སི་ཐ་ཧྥ·པའར་ཀུའུ་ཐིས་ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་དོ་སྙོམས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་དེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆུ་ཚད་མཐོ་རུ་འགྲོ་རྒྱུར་ཕན་པ་བཏགས་ནས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་དབར་གྱི་ཧེ་བག་ཆུང་དུ་འགྲོ་ཐུབ། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་འཛམ་གླིང་དང་ས་ཁུལ་འཕེལ་རྒྱས་ཐད་དགེ་མཚན་ལྡན་པའི་ནུས་པ་ལྡན་ཡོད་ཅེས་བརྗོད་པ་རེད།
         ཨོ་སི་ཁྲུ་ལི་ཡ་ཤིས་ཉི་ཚན་རྩལ་སློབ་ཆེན་ཀྲུང་ཨོ་འབྲེལ་བའི་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཀྲན་མུའུ་སི·ལའོ་ལུན་སེན་གྱིས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེ་ཁག་གཉིས་པ་ཡིན་པའི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བ་དེས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕེལ་རྒྱས་ལ་ཕན་ཐོགས་རྒྱུ་རེད། “ཨོ་སི་ཁྲུ་ལི་ཡའི་དར་རྒྱས་གོང་འཕེལ་ཆེད་ངའི་བསམ་པར་ང་ཚོ་དེའི་ནང་ཞུགས་ན་ཡག་པོ་ཡོང་སྙམ་གྱི་འདུག”ཅེས་བརྗོད།
         ཀྲུང་གོས་ཕན་ཚུན་བརྩི་འཇོག་དང་། དྲང་སྙོམས་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་ཞིག་བཙུགས་ཏེ་ཆེ་བས་ཆུང་བརྙས་ཀྱི་བྱེད་སྤྱོད་དོར་བའི་རྩ་དོན་གྱི་ཐོག་ནས་སྐད་ཆ་ཤོད་རེས་བྱེད་པ་ལས་འགྲན་ཟླར་མི་ལངས་པ་དང་མཉམ་རོགས་ལས་མནའ་འབྲེལ་མི་བྱེད་པར་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བ་གསར་པ་ཞིག་འཛུགས་རྒྱུ་བཏོན་ཡོད།
         རྒྱལ་ཁབ་ཁག་གི་གྲོས་ཚོགས་མནའ་འབྲེལ་དྲུང་ཆེ་ཁྲུན་ཀུང་གིས་ད་ལྟའི་རྒྱལ་སྤྱིའི་འབྲེལ་བ་དྲ་བ་ཞིག་དང་འདྲ་བར་མཚམས་ཚིགས་ཚང་མས་རང་ཉིད་སྟོབས་ཆེར་གཏོང་གི་ཡོད། འོན་ཀྱང་འབད་བརྩོན་དེ་གཉིས་ཕན་མཉམ་ལས་ཀྱི་ཁོར་ཡུག་ཁྲོད་དེ་བས་ལེགས་པ་མངོན་ཐུབ། བརྒྱུད་རིམ་དེའི་ནང་གལ་ཆེ་ཤོས་ཤིག་ནི་གཉིས་ཁེའི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དེ་ཡིན། དེ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དར་སྤེལ་གནང་བའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་ཁྲོད་གང་ལེགས་མངོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།