འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཝང་ཁྲོན་ལིན་གྱིས་བཅའ་ཁྲིམས་ནི་རྒྱལ་ཁབ་སྐྱོང་བའི་ལག་ཆ་གཙོ་བོ་རེད་ཅེས་བརྗོད་པ།

    འཐུས་མི་ཝང་ཁྲོན་ལིན། ཀྲུང་གོ་ལྕགས་ལམ་ཅུས་བཞི་པའི་སྤྱི་ཁྱབ་ཅིང་ལི། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ལོ་ལྔའི་རིང་རང་རེའི་རྒྱལ་ཁབ་ཀྱི་གོང་འོག་ཚང་མས་ཕྱོགས་གཅིག་ནས“སྟག་སྦྲང་མཉམ་རྡུང”བྱས་པ་དང་ཕྱོགས་གཞན་ཞིག་ནས་འགན་འཛོལ་ཤོར་བ་དང་དགོས་པའི་ལས་ཀ་མི་བྱེད་པའི་ཐད་དམ་འཛིན་ནན་པོ་བྱས་ནས་ཁྲིམས་འཛིན་དྲང་གཞག་ཡོང་ཆེད་སྤྱོད་གཙང་གཞུང་དྲང་གི་ཁོར་ཡུག་ཅིག་བསྐྲུན་ཡོད།
          བསྡོམས་རྩིས་བྱས་པར་གཞིགས་ན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པ་འཚོགས་ཚུན། ཁྱོན་བཅའ་ཁྲིམས་ཁག་25བཟོས་པ་དང་། བཅའ་ཁྲིམས་ལ་བཟོ་བཅོས་ཐེངས་127བརྒྱབ་པ། འབྲེལ་ཡོད་བཅའ་ཁྲིམས་ཀྱི་གནད་དོན་དང་གནད་དོན་གལ་ཆེན་གྱི་གཏན་འབེབས་ཁག་44བརྒྱུད་བཅའ་ཁྲིམས་ཀྱི་འགྲེལ་བཤད་ཁག་9བཏོན་ཡོད། རང་རེའི་རྒྱལ་ཁབ་ཀྱི་དམིགས་བསལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་ཡོད།
          གཅིག་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་བཏང་ཞིང་། འདས་ཟིན་པའི་ལོ་ལྔའི་རིང་རྒྱལ་ཁབ་ཀྱིས་ཁྲིམས་འཛིན་དྲང་གཞག་ཡོང་ཆེད་ལས་དོན་འབོར་ཆེན་ཞིག་བསྒྲུབས་པ་དང་རྒྱལ་ཁབ་ཀྱི་རིམ་ངོས་ནས་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་རྒྱལ་ཁབ་ཁྲིམས་བཞིན་སྐྱོང་བའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་གཞི་རྩའི་ཐོག་ནས་རྩེ་རིམ་ཇུས་འགོད་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། གཉིས་ནས་ཏང་ཁྲིམས་བཞིན་སྐྱོང་བའི་ལག་ལེན་གཏིང་ཟབ་ཏུ་བཏང་ཞིང་། སྲིད་འཛིན་ཏང་གི་ངོས་ནས་ཏང་ཁྲིམས་བཞིན་སྐྱོང་བར་དམ་འཛིན་བྱེད་པ་ནི་གནད་དོན་ཐག་གཅོད་ཀྱི་འགག་རྩ་དམ་པོར་འཛིན་པ་ཞིག་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་རུལ་སུངས་ལ་ངོ་རྒོལ་དམ་བསྒྲགས་བྱས་ནས་ཏང་ཁྲིམས་བཞིན་སྐྱོང་བའི་རླུང་ཙེ་དམ་དུ་བཏང་བ། གསུམ་ནས་ཁྲིམས་འཛིན་དྲང་གཞག་གི་ལག་ལེན་གཏིང་ཟབ་ཏུ་བཏང་ཞིང་། ཁྲིམས་འཛིན་དྲང་གཞག་དེ་དོན་སྙིང་ངེས་ཅན་ཞིག་གི་ངོས་ནས་བརྗོད་ན་ཁྲིམས་འཛིན་མི་སྣར་ཁྲིམས་འཛིན་ཁྲིམས་བཞིན་བྱེད་རིང་སྒྲིག་ཁྲིམས་བཟོ་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།