འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་སྤེན་པ་ལྷ་མོ་ཡིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ལ་ནུས་ལྡན་སྐུལ་འདེད་བྱ་
    དགོས་ཚུལ་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨུ་ཡོན་སྤེན་པ་ལྷ་མོ་ཡིས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ལ་ནུས་ལྡན་སྐུལ་འདེད་བྱ་
དགོས་ཚུལ་བརྗོད་པ།
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ལྷོ་ཕྱོགས་སུ་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་མང་པོ་ཞིག་ཡོད་ལ། དེ་ནི་རང་རྒྱལ་གྱིས་ཨེ་ཤེ་ཡ་ལྷོ་མར་སྒོ་འབྱེད་པའི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། 2015ལོར། བོད་ལྗོངས་ནི་དར་གོས་འགྲུལ་ལམ་གྱི་དཔལ་འབྱོར་རྒྱུད་ཀྱི་ཁོངས་སུ་བཅུག་ཡོད། ཨུ་ཡོན་སྤེན་པ་ལྷ་མོ་ཡིས་བོད་ལྗོངས་ནས་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་མགྱོགས་སུ་གཏོང་རྒྱུ་ནི"རྒྱུད་གཅིག་ལམ་གཅིག"འཛུགས་སྐྲུན་སྐུལ་འདེད་དང་རྒྱལ་སྤྱིའི་འགྲོ་འོང་སྐུལ་སྤེལ་གྱི་བྱ་རིམ་གཙོ་བོ་ཞིག་ཡིན་པར་བསྟན་པ་རེད།
          "ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ལ། མཐོ་རིམ་གྱི་ཇུས་འགོད་བཟང་པོ་ཞིག་དགོས།" སྤེན་པ་ལྷ་མོ་ཡིས་མགྱོགས་མྱུར་ངང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་གྱི་འཐབ་ཇུས་གནས་བབ་ངོས་འཛིན་དང་། མཛུབ་སྟོན་བསམ་བློ། འཕེལ་རྒྱས་དམིགས་འབེན་གསལ་པོ་བྱེད་པ་དང་། སྡེ་ཚན་ཁག་གི་ལས་འགན་དང་མཐུན་སྦྱོར་མཉམ་སྒུལ་གྱི་སྒྲིག་སྲོལ་གསལ་པོ་བྱ་དགོས་པར་མ་ཟད། བགྲོད་ལམ་གྱི་ཆེད་སྤྱོད་མ་དངུལ་འཛུགས་དགོས་པའི་གྲོས་འགོ་ཡང་བཏོན་པ་རེད།
          སྤེན་པ་ལྷ་མོ་ཡིས"ལྷ་ས་དང་གཞིས་ཀ་རྩེ་ཡི་ལྟེ་བ་གཉིས་ཀྱི་སྒུལ་སྤེལ་འཕེལ་རྒྱས"རྣམ་པ་འཛུགས་སྐྲུན་སྐུལ་འདེད་བྱ་དགོས་པ་སྟེ། གཞིས་ཀ་རྩེ་ནི་བོད་ལྗོངས་ཀྱི་དཔལ་འབྱོར་དང་རིག་གནས་ཀྱི་ལྟེ་བ་གཉིས་པ་ཡིན་པའི་ཆ་ནས། "ལྟེ་བ་གཉིས"ཀྱི་རྣམ་པ་བཙུགས་ན་ས་གནས་དེ་གའི་འཕེལ་རྒྱས་ལ་སྐུལ་སྤེལ་བྱ་ཐུབ་པར་མ་ཟད། ད་དུང་ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ལ་ཡང་ནུས་ལྡན་སྐུལ་འདེད་བྱ་ཐུབ་ཅེས་གྲོས་འགོ་བཏོན་པ་རེད།
          "ཨེ་ཤེ་ཡ་ལྷོ་མའི་བགྲོད་ལམ་འཛུགས་སྐྲུན་ལ་སྲིད་གཞུང་གིས་གཙོ་ཁྲིད་བྱ་དགོས་པར་མ་ཟད། སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་འབད་པ་ཡང་ཤིན་ཏུ་མཁོ།" སྤེན་པ་ལྷ་མོ་ཡིས་བགྲོད་ལམ་འཛུགས་སྐྲུན་གྱི་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་སྤྱི་ཚོགས་ཀྱི་ནུས་ཤུགས་སྔར་ལས་མང་པོ་ཡིས་རྒྱབ་སྐྱོར་ཐོབ་པར་བྱ་རྒྱུ་དང་། "རྒྱུད་གཅིག་ལམ་གཅིག"གྲོས་གཞི་ཡི་ནང་དོན་གསལ་པོ་བརྗོད་ནས་གྲོས་གཞི་འདི་ཡི་དོན་སྙིང་ཆེན་པོ་དེ་མི་མང་པོ་ཞིག་ལ་ཤེས་སུ་འཇུག་དགོས་ཚུལ་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།