འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཧོང་ཧྭ་ཁྲུན་གྱིས་རོལ་རྩེད་ཐོན་ལས་ལ་དོ་དམ་ཚོད་འཛིན་བྱ་ཤུགས་ཆེ་རུ་གཏོང་
    དགོས་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “ལོ་དྲུག་གོང་། སློབ་མས་གྱང་མཆོངས་ནས་དྲ་ཁང་དུ་འགྲོ་རྒྱུར་ང་ཚོས་དོགས་ཟོན་བྱེད་ཀྱི་ཡོད། ད་ཆ་སློབ་མ་ལག་ཐོགས་ཁ་པར་གྱི་རོལ་རྩེད་ལ་དབྱིངས་ཞུགས་རྒྱུར་ང་ཚོས་དོགས་ཟོན་བྱེད་དགོས”ཞེས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཀོང་ཤིས་ཁྲུང་ཙུའོ་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ཧོང་ཧྭ་ཁྲུན་གྱིས་གསུངས་ཤིང་། ཚོགས་འདུར་ཞུགས་ཐེངས་དང་པོ་ཡིན་པའི་ཁོང་གིས་མིག་སྔར་ཁྱིམ་བདག་དང་དགེ་རྒན་མང་པོ་ཞིག་གི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་བཏོན་པ་སྟེ། རོལ་རྩེད་ཐོན་ལས་ལ་དོ་དམ་ཚོད་འཛིན་བྱ་ཤུགས་ཆེ་རུ་བཏང་ནས་གཞོན་ནུ་ལོ་ཆུང་འཚར་ལོངས་དེ་བས་ཡག་པོ་ཡོང་རྒྱུར་སྲུང་སྐྱོང་བྱ་རྒྱུ་དེ་རེད།
           ཧོང་ཧྭ་ཁྲུན་གྱིས་ཁོང་དང་ཕྲུ་གུ་ཚོ་སྤེལ་རེས་བྱེད་སྐབས“དུས་ཚོད་ཚད་བཀག”དང“མིང་ངོ་མ་འགོད་པའི་ལམ་ལུགས”སོགས་ཀྱི་བྱ་ཐབས་སྤྱད་ཀྱང་སློབ་མས་ལག་ཐོགས་ཁ་པར་གྱི་རོལ་རྩེད་རྩེ་རྒྱུར་བཀག་འགོག་ཡག་པོ་དེ་ཙམ་བྱེད་ཐུབ་ཀྱི་མི་འདུག “རོལ་རྩེད་ཚང་མ་ཆུ་ཚད་2ལས་རྩེ་མི་ཆོག་པ་བཟོས་ནའང་། ཉིན་ལྟར་རོལ་རྩེད་རིགས་ལྔ་རྩེས་ན་སྔར་རྒྱུན་བཞིན་ཆུ་ཚོད་10རྩེ་ཐུབ་ཅེས་སློབ་ཆུང་སློབ་མ་མང་པོ་ཞིག་གིས་ཤོད་ཀྱི་འདུག ད་དུང་སློབ་མ་འགའ་ཤས་ཀྱིས་ཕ་མའི་ཐོབ་ཐང་ལག་ཁྱེར་ཨང་གྲངས་བླུགས་ཏེ་ཐོ་འགོད་བྱས་ན་དུས་ཚོད་ག་ཚོད་རྩེད་ཀྱང་སྐྱོན་མི་འདུག་ཅེས་ཤོད་ཀྱི་འདུག”ཅེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།