འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་ཡུས་ཧྲའོ་ཧྭ་ཡིས་5Gའཕེལ་རྒྱས་གཏོང་བར་རྒན་རྒོན་དང་དཀའ་ངལ་ཡོད་པའི་
    ཚོགས་སྤྱིར་ཕན་འདོགས་པར་དེ་བས་མཐོང་ཆེན་བྱེད་དགོས་ཞེས་བརྗོད་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འཕྲིན་གཏོང་ཁྱབ་ཁོངས་ཀྱི་5Gལག་རྩལ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཝུའུ་ཧན་སྦྲག་སྲིད་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་ཡུས་ཧྲའོ་ཧྭ་ཡིས་5Gལག་རྩལ་འཕེལ་རྒྱས་གཏོང་སྐབས། རྒན་རྒོན་དང་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ཕན་འདོགས་པར་དེ་བས་མཐོང་ཆེན་བྱེད་དགོས་ཞེས་གསུངས།
          ཡུས་ཧྲའོ་ཧྭ་ཡིས་གཞི་རིམ་དུ་བརྟག་ཞིབ་བྱེད་སྐབས། 4Gདུས་རབས་སུ་2Gདང་3Gདྲ་རྒྱ་སྤྱོད་མཁན་སྔར་བཞིན་མང་པོ་ཞིག་ཡོད་པ་དང་། དེའི་རྒྱུ་རྐྱེན་ནི་ཕྱོགས་གཅིག་ནས་མང་ཚོགས་ཁག་གཅིག་གིས་རིག་ནུས་ལག་ཐོགས་ཁ་པར་དེ་ཙམ་སྤྱོད་མི་ཤེས་པ་དང་། མི་ལ་ལའི་ལོ་ན་ཅུང་མཐོ་བས་ཡིན་པ་དང་། ཕྱོགས་གཞན་ཞིག་གི་ཐད་ནས་4Gམཐའ་སྣེའི་རིན་གོང་དང་། གྲོན་དངུལ། དེ་བཞིན་སྤྱོད་སྐབས་རྙོག་དྲ་ཆེ་བ་བཅས་ཀྱིས་མི་ཁ་ཤས་ཀྱིས་དང་ལེན་བྱེད་ཁག་པོ་ཡོད་པས་རེད། 
          “དེ་ལྟར་ཡ་མཚན་ཆེ་བའི་སྣང་ཚུལ་ཞིག་ཐོན་པ་སྟེ། ཚན་རྩལ་རྒྱུན་ཆད་མེད་པར་ཡར་རྒྱས་ཕྱིན་རུང་། རྒན་རྒོན་དང་ས་ཁུལ་དབུལ་པོའི་མང་ཚོགས་ཁག་གཅིག་སོགས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་ཀྱི་མེད་པར་ཁོང་ཚོས་ཚན་རྩལ་འདུས་ཚད་མཐོ་བའི་དངོས་པོ་སྤྱོད་ཐུབ་ཀྱི་མེད་པ་དེ་རེད”ཅེས་ངོ་སྤྲོད་གནང་བ་རེད།
          གནས་ཚུལ་དེའི་ཐད་ཡུས་ཧྲའོ་ཧྭ་ཡིས་5Gལག་རྩལ་འཕེལ་རྒྱས་གཏོང་སྐབས་མཐའ་སྣེའི་མ་གནས་ཚོད་འཛིན་ལ་དེ་བས་དོ་སྣང་བྱས་ཏེ་བེད་སྤྱོད་བྱེད་བདེ་རུ་གཏོང་དགོས། དེའི་ནང་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་མཐའ་སྣེའི་སྙིང་ལྕགས་ཞིབ་འཇུག་གསར་སྤེལ་ཐད་ཚད་བརྒལ་ཡོང་བར་བྱེད་པ་དང་། མཐའ་སྣེ་ཐོན་སྐྱེད་བཟོ་སྐྲུན་གྱི་མ་གནས་དམའ་རུ་ནུས་ལྡན་བཏང་ནས་མི་དེ་བས་མང་པོས་5Gདྲ་རྒྱ་སྤྱོད་ཐུབ་པར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་5Gདྲ་རྒྱའི་ནུས་པ་དེ་བས་ཆེ་བའི་ངང་འདོན་སྤེལ་ཐུབ་པར་བྱེད་དགོས། 5Gམཐའ་སྣེའི་མཉེན་ཆས་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་ཏེ་རྒན་རྒོན་དང་རིག་གནས་ཆུ་ཚད་མཐོ་པོ་མེད་པའི་མིས་དང་ལེན་ཐུབ་ཚད་ལ་བསམ་གཞིག་གང་ལེགས་ཀྱིས་ཁོང་ཚོས་ཀྱང་5Gདྲ་རྒྱ་བདེ་བླག་ངང་སྤྱོད་ཐུབ་པ་དང་འབྲེལ། ཚན་རྩལ་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པར་བྱེད་དགོས་པའི་གྲོས་འགོ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།