འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཛུགས་སྐྲུན་པས་ཅོར་ཏན་གྱི་གློག་ཤུགས་དཀོན་པའི་གནད་དོན་ཞི་ལྷོད་དུ་འགྲོ་
    རྒྱུར་རོགས་སྐྱོར་བྱས་པ། 

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལིན་ཤའོ་ཝུའེ་ཡིས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་གསུམ་པ་ཤར་མ་ཐག་ཡིན་རུང་ཅོར་ཏན་གྱི་རྒྱལ་ས་ཨན་མན་དང་བར་ཐག་སྤྱི་ལེ་35ཙམ་ཆོད་པའི་ཀྲར་གཱ་གྲོང་ཁྱེར་དུ་ཉི་འོད་རབ་ཏུ་འཚེར་ཡོད་ཅིང་། འདི་གར་ཀྲུང་གོ་ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ལས་གྲྭ་ཀུང་སི་གསུམ་པས་བསྐྲུན་འགན་ཁུར་བའི་ཅོར་ཏན་གྱི་ས་མུ་ལའི་དུས་ཐེངས་བཞི་པའི་རྒྱས་སྐྲུན་མཉམ་འབྲེལ་རྒྱུན་འཁོར་འཕྲུལ་ཚན་གྱི་རྣམ་གྲངས་གནས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ལས་གྲྭ་འདིའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཀྲའོ་ཝ་75ཟིན་པ་དང་། 2016ལོའི་ཟླ་2པར་འོད་དཔོད་དང་ལེན་ཡི་གེར་ཆོག་མཆན་བཀོད་ནས་སྤྲད་པ་རེད། ལོ་དེའི་ཟླ་3པར་གན་རྒྱར་མིང་རྟགས་བཀོད་པ་དང་། ལས་ཡུན་ཟླ་24ཡིན་ཞིང་། སྔོན་དཔག་ལྟར་ན། ཐོན་སྐྱེད་འཁོར་སྐྱོད་བྱས་རྗེས་གློག་འདོན་ཚད་ཏུའུ་དུང་ཕྱུར་6.132ཙམ་ཟིན་རྒྱུ་ཡིན་པ་རེད།
         རྣམ་གྲངས་དེའི་དོ་བདག་ཡིན་པའི་ཅོར་ཏན་རྒྱལ་ཁབ་གློག་ཤུགས་ཀུང་སིས་ཀྲུང་གོ་ཕྱོགས་ཀྱི་ལས་གྲྭའི་སྤུས་ཚད་དང་འཕེལ་རིམ་ལ་བསྔགས་བརྗོད་ཆེན་པོ་བྱེད་ཅིང་། དེ་ཁུལ་དུ་ཡོད་པའི་ཅོར་ཏན་གྱི་རྣམ་གྲངས་ཅིང་ལི་ས་སྨིར·མ་ཨ་ཉིས“ཧྲན་ཏུང་གློག་ཤུགས་འཛུགས་སྐྲུན་ཀུང་སིས་རྣམ་གྲངས་དེ་གྲུབ་འབྲས་ཐོབ་པའི་ངང་ལེགས་སྒྲུབ་བྱས་ཡོད་པས། ང་ཚོ་བློ་ཡིད་ཧ་ཅང་ཚིམ་པོ་བྱུང”ཞེས་བརྗོད།
         འདས་མ་ཐག་པའི་2017ལོ་ནི་ཀྲུང་ཅོར་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ནུས་རྒྱུ་དང་། རིག་གནས། སློབ་གསོ་སོགས་ཀྱི་ཁྱབ་ཁོངས་མང་པོའི་ནང་རྒྱལ་ཁབ་གཉིས་པོས་སྤེལ་རེས་བྱེད་ཤུགས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཡོད་ལ་མཉམ་ལས་དེ་བས་བྱེད་ཟབ་ཏུ་ཕྱིན་ཡོད། མིག་སྔར་ཀྲུང་གོ་ནི་ཅོར་ཏན་གྱི་ཚོང་དོན་རོགས་ཟླ་ཆེ་གྲས་གཉིས་པ་དང་ནང་འདྲེན་དངོས་ཟོག་ཡོང་ཁུངས་རྒྱལ་ཁབ་ཆེན་པོ་ཨང་དང་པོར་གྱུར་ཡོད། “རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཡིན་པའི་ཆ་ནས་ཀྲུང་གོ་ཕྱོགས་ཀྱི་གྲོས་འགོར་ཅོར་ཏན་ཕྱོགས་ཀྱིས་དང་ལེན་ཧུར་ཐག་ཞུ་བཞིན་ཡོད་པ་དང་། ཨེ་ཤེ་ཡའི་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ཐོག་མར་འཛུགས་མཁན་ཁོངས་མིའི་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།