འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ས་གནས་དེ་གའི་དཀའ་
    ངལ་ཡོད་པའི་དམངས་ཚོགས་ལ་དངོས་ཟོག་ཞལ་འདེབས་བརྒྱབ་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་གྱི་ནུབ་རྒྱུད་དུ་ཡོད་པའི་ཁྲ་རུའེ·ཁན་པ་དབུལ་ཕོངས་ཁུལ་ལ་མི་ཆོས་རིང་ལུགས་ཀྱི་དངོས་ཟོག་ཁག་གཅིག་ཞལ་འདེབས་བརྒྱབ་སྟེ་སློབ་གྲྭར་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རོགས་དམིགས་སུ་བཀར་ནས་བྱས་པ་རེད།
          ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་གི་ཁེ་སྐྱོང་པུས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་ཁྲ་རུའེ·ཁན་པ་དབུལ་ཁུལ་དུ་སྤེལ་ཞིང་། ཞལ་འདེབས་བརྒྱབ་པའི་དངོས་ཟོག་གྲས་སུ་སྒྲོག་རྩེ་དང་། རྐུབ་སྟེགས། གློག་ཀླད། ཡིག་ཆས། དེ་བཞིན་འཚོ་བའི་མཁོ་ཆས་ཁག་གཅིག་བཅས་ཡོད་ཅིང་། འཆར་གཞི་ལྟར་ན་དངོས་ཟོག་དེ་དག་དབུལ་ཕོངས་ཁུལ་གྱི་སློབ་གྲྭའི་སློབ་ཁྲིད་ཆ་རྐྱེན་ལེགས་སུ་དང་སློབ་གཉེར་འཇོན་ཐང་ཆེ་རུ་གཏོང་བའི་ཐད་གཙོ་གནད་ཐོག་སྤྱོད་རྒྱུ་ཡིན་པ་རེད།
         ལོ་22ལ་སླེབས་པའི་དབུལ་ཁུལ་གྱི་འཐུས་མི་དགེ་རྒན་ཀྲུའུ་མཱ·ཁ་ཨེན་གྱིས“དབུལ་ཁུལ་གྱི་ཕྲུ་གུ་ཚོར་གློག་ཀླད་སྤྱོད་རྒྱུ་ཡོང་བསམ་བསམ་མ་བྱུང་། ད་རེས་ཀྲུང་གོ་ཕྱོགས་ཀྱི་ཞལ་འདེབས་བྱེད་སྒོ་དེ་ལས་ས་གནས་དེ་གའི་སློབ་གྲྭའི་སློབ་གཉེར་དཀའ་བའི་གནད་དོན་ཞི་ལྷོད་དུ་འགྲོ་རྒྱུ་རེད། མི་སེམས་འགུལ་བའི་ཉིན་མོ་དེ་ང་ཚོས་ནམ་ཡང་བརྗེད་མི་སྲིད”ཅེས་བརྗོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཁྲ་རུའེ·ཁན་པ་དབུལ་ཁུལ་དུ་ཁྱིམ་ཚང་950ཡོད་པའི་ནང་ནས་ཁྱིམ་ཚང་ཕལ་ཆེ་བ་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཧོའར་མན་ཏ་དང་ཁན་ཏ་ཧ་སོགས་ཞིང་ཆེན་ནས་ཡིན་པ་རེད། ད་ཕན་ལོ་ཤས་རིང་ཨ་ཧྥུ་ཀ་ནི་སི་ཐན་གྱི་བདེ་འཇགས་དུས་བབ་མུ་མཐུད་ལྷིང་འཇགས་མེད་པར་འགྱུར་པས་མི་ཕལ་ཆེ་བ་ཕ་ཡུལ་ནས་བྲལ་ཏེ་རྒྱལ་སར་དམག་གཡོལ་དུ་འགྲོ་ཡི་ཡོད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་མི་ཆོས་རིང་ལུགས་ལས་དོན་མཐུན་སྦྱོར་ཐིང་ཨ་ཧྥུ་ཀ་ནི་སི་ཐན་དོན་གཅོད་ཁང་གིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོར་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་སེར་ཁྲི་44.5ཙམ་དམག་འཁྲུག་གིས་རྐྱེན་པས་ཁྱིམ་མེད་ཕྱོགས་གྱར་དུ་གྱུར་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།