འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་གསར་འགྱུར་ཕྱོགས་བསྡུས། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་11ཉིན། 10:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཕ་ནོམ་ཕེན་ནས་གློག་འཕྲིན་འབྱོར་གསལ། ཁམ་ཕུ་ཁྲེའི་འཕེལ་རྒྱས་ལས་འཛིན་ལྷན་ཚོགས་དང་། མཉམ་འབྲེལ་རྒྱལ་ཚོགས་བཟོ་ལས་འཕེལ་རྒྱས་རྩ་འཛུགས། ཀྲུང་གོའི་རྒྱལ་སྤྱིའི་ཚོང་ཚོགས་བཅས་ཀྱིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་2018ལོའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ཚོང་དོན་དང་མ་འཇོག་གླེང་སྟེགས་ཚེས་7ཉིན་ཕ་ནོམ་ཕེན་དུ་གཉེར་བ་རེད།
          ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་ཀྲུང་གོ་སྒུལ་བདེ་རྒྱལ་སྤྱི་ཚད་ཡོད་ཀུང་སིའི་ཧྥ་རན་སེའི་ཡན་ལག་ཀུང་སིས་ཕ་རི་སིར་ལས་གཉེར་མཛད་སྒོ་འཚོགས་པ་དེ་ཐོག་ནས་ཀྲུང་གོ་སྒུལ་བདེ་འཕྲིན་གཏོང་ཚོགས་པ་ཚད་ཡོད་ཀུང་སིས(ཀྲུང་གོ་སྒུལ་བདེ)གོ་ལ་ཧྲིལ་པོ་ཅན་གྱི་ལས་སྒོ་རྒྱ་སྐྱེད་གཏོང་བའི་ཐད་སླར་ཡང་གོམ་སྟབས་གལ་ཆེན་ཞིག་སྤོས་པ་མཚོན་གྱི་ཡོད་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རའང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་དང་ཁོ་ཐེ་ཏི་ཝོར་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་35འཁོར་བའི་དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱེད་པའི་མཛད་སྒོ་ཉིན་ཤས་གོང་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རའང་དུ་འཚོགས་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་ནས་གློག་འཕྲིན་འབྱོར་པ་གཞིར་བཟུང་། 2018ལོའི་འཛམ་གླིང་སྒུལ་བདེའི་འཕྲིན་གཏོང་ཚོགས་ཆེན་ཐོག་གཙོ་གཉེར་ཚན་པ་ཡིན་པའི་གོ་ལ་ཧྲིལ་པོའི་སྒུལ་བདེའི་འཕྲིན་གཏོང་མཐུན་ཚོགས་ཀྱིས་ལོ་འཁོར་གྱི“གོ་ལ་ཧྲིལ་པོའི་སྒུལ་བདེའི་བྱ་དགའ”སྤྲད་ཅིང་། ཧྭ་ཝུའེ་དང་ཀྲུང་ཤིང་འཕྲིན་གཏོང་སོགས་ཀྲུང་གོའི་ཁེ་ལས་ལ་བྱ་དགའ་མང་པོ་ཐོབ་པ་དང་མང་ཆེ་བ་5Gལག་རྩལ་གྱི་འབྲེལ་ཡོད་ཁྱབ་ཁོངས་སུ་གཅིག་ཏུ་བསྡུས་ཡོད།
         ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཝན་ཐེན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་ཧྭ་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ལོ་སིའི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ལ་དངོས་ཟོག་རོགས་སྐྱོར་བྱས་པ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་ལོ་སིའི་རྒྱལ་ས་ཝན་ཐེན་གྱི་བུད་མེད་དར་མ་དང་རྒན་རྒོན་གསོ་སྦྱོང་ལྟེ་གནས་སུ་གཉེར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།