འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོའུ་ཀོང་ཁྲན་གྱིས་དཔལ་འབྱོར་ཡུན་རིང་འཕེལ་རྒྱས་ལེགས་པོ་བྱུང་བ་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལོ་ལྔའི་རིང་ང་ཚོའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་ཅིང་། ཙུང་ལི་ལི་ཁེ་ཆང་གིས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འཁོད་པའི་གྲངས་གཞི་དེ་དག་ལས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལས་དུས་རབས་གསར་པའི་འཕེལ་རྒྱས་ཀྱི་འདུ་ཤེས་དེ་དཔལ་འབྱོར་འཕར་མགྱོགས་སུ་གཏོང་རྒྱུ་དོན་གཉེར་བྱེད་པ་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དོན་གཉེར་བྱེད་པར་བསྒྱུར་བ་མཐོང་ཐུབ། ལོ་ལྔའི་རིང་ང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་བརྟན་ཐོག་ཡར་བརྩོན་མཐའ་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་འཚམ་པ་དང་། ཁོང་དུ་ཆུད་པ། སྣེ་ཁྲིད་བཅས་བྱེད་པ་དང་། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་སྔོན་འགོག་བཅས་ལ་སྤྱི་འདོམས་བྱེད་པ། སྤྱི་ཁོག་སྙོམས་སྒྲིག་རྒྱུན་ཆད་མེད་པར་གསར་གཏོད་དང་འཐུས་སྒོ་ཚང་དུ་གཏོང་བ། ཁུལ་ཁོངས་སྙོམས་སྒྲིག་སྟངས་འཛིན་གྱི་བསམ་ཕྱོགས་དང་བྱེད་ཐབས་གཏན་འཁེལ་བྱེད་པ་བཅས་བྱས་ནས་གནས་གཏན་འཁེལ་གྱི་སྙོམས་སྒྲིག་བྱེད་པ་དང་། གོ་སྐབས་དང་བསྟུན་ནས་སྙོམས་སྒྲིག གནད་འཕིགས་སྙོམས་སྒྲིག་བཅས་ལ་ཤུགས་སྣོན་བརྒྱབ་ཡོད། སེམས་ཤུགས་གཅིག་སྒྲིལ་གྱིས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲུབ་ཆ་ལེགས་སྒྲིག སྒུལ་ཤུགས་སྣོན་པ་བཅས་བྱས་ཡོད། དེང་ལ་ཕན་ལ་ཕུགས་ལ་དེ་བས་ཕན་པའི་བྱ་ཐབས་ཧུར་ཐག་སྤྱད་དེ་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ལོ་ལྔའི་རིང་དཔལ་འབྱོར་མྱུར་ཚད་འབྲིང་སྟོད་ཡན་འཕར་རྒྱུ་རྒྱུན་འཁྱོངས་བྱས་པས་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་ཐུབ་ཡོད་ལ་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གཞི་རྩའི་ཁྱོན་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཐུབ་ཡོད།
         དཔལ་འབྱོར་འཕེལ་རྒྱས་ཡུན་རིང་ལེགས་པའི་ཕྱོགས་སུ་རྒྱུན་འཁྱོངས་ཐུབ་པ་བྱེད་པར་རང་ལྗོངས་ཀྱི་ངོས་ནས་བལྟས་ཚེ་ངེས་པར་དུ་ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཐའ་འཁྱོངས་དང་། ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅིའི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་བཅས་ཀྱིས་བསམ་བློར་དྲག་ཆས་སྤྲས་ཏེ་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ་མཐའ་འཁྱོངས། ངེས་པར་དུ་འཕེལ་རྒྱས་ཀྱི་དགོངས་པ་གསར་པ་མཐའ་འཁྱོངས་བཅས་བྱེད་དགོས། བོད་ལྗོངས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས་གསར་གཏོད་དང་། མཐུན་སྦྱོར། ལྗང་མདོག སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་འདུ་ཤེས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ལས་དོན་གྱི་ཕྱོགས་ཁག་ཏུ་ཁྱབ་པ་བྱེད་དགོས། ངེས་པར་དུ་སྒྱུར་བཅོས་གཏིང་ཟབ་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་སྒྱུར་བཅོས་ཀྱི་ལས་འགན་ཁག་ལ་སྐུལ་འདེད་བཏང་སྟེ། དོན་དངོས་དང་ཟུང་འབྲེལ་བྱེད་པ་དང་ཐོན་ཁུངས་བཀོད་སྒྲིག་བྱེད་ལེགས་སུ་གཏོང་བ། སྲིད་གཞུང་གི་འགན་ནུས་བསྒྱུར་བ། འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིད་བཅས་བྱས་ནས་དམངས་འཚོར་ཕན་པ་འདོགས་དགོས།
      

    ཕྱོགས་བསྡུས་གསར་འགྱུར།