འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་མ་ཟད་སྨྱན་སྦྱོར་ལ་སྒོ་འབྱེད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་མ་ཟད་སྨྱན་སྦྱོར་ལ་སྒོ་འབྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་གྱི་སྔ་དྲོ། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་བོད་ལྗོངས་ཀྱི་འཐུས་མི་ཚོགས་པས་ཚོགས་པའི་སྒོ་འབྱེད་པའི་བྱེད་སྒོ་སྤེལ་ནས་མུ་མཐུད་དེ་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་རྩ་ཁྲིམས་དག་བཅོས་འཆར་ཟིན་མ་ཟིན། འཆར་གཞིའི་སྙན་ཞུ། སྔོན་རྩིས་ཀྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་པ་རེད། མི་དམངས་ཉིན་རེའི་ཚགས་པར་དང་། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས། ཞིན་ཧྭ་གསར་འགྱུར་ཁང་། ཧྥ་རན་སིའི་གསར་འགྱུར་ཁང་། ཝར་ཅེ་ཁྲོམ་ལམ་ཉིན་རེའི་ཚགས་པར། ལྗར་པན་གྱི་ཀློག་འཚོང་གསར་འགྱུར། ཧྥ་རན་ཁོ་ཧྥུ་ཕྱོགས་བསྡུས་ཚགས་པར། ཤང་ཀང་མིང་པའོ་ཚགས་པར་སོགས་གསར་འགྱུར་སྨྱན་སྦྱོར་ལས་ཁུངས་50ལ་ཉེ་བ་ནས་ཡོང་བའི་གསར་འགོད་པ་ཚོའི་བློ་རྩེ་བོད་ལྗོངས་སྐོར་ལ་གཅིག་བསྡུས་བྱས་ཏེ་པར་ཆས་དང་གཏམ་སྐྱེལ་འཕྲུལ་ཆས་བོད་ལྗོངས་ཀྱི་འཐུས་མི་ཚོར་གཏད་ཅིང་། མཉམ་སྡེབ་བཅར་འདྲི་བྱེད་སྐབས་གསར་འགོད་པ་ཚོས་དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་ཡུལ་སྐོར། བོད་ཀྱི་གསོ་རིག ཆོས་ལུགས་ལ་སོགས་པའི་ཐད་ཀྱི་གནད་དོན་འཐུས་མི་ཚོར་དྲི་བ་བཏོན་པ་རེད།
    ༄༅།།བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་མ་ཟད་སྨྱན་སྦྱོར་ལ་སྒོ་འབྱེད་པ།
    ༄༅།།བོད་ལྗོངས་འཐུས་མི་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་པ་མ་ཟད་སྨྱན་སྦྱོར་ལ་སྒོ་འབྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།