འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་འབྲོག་དུད་ཚང་ཁྲི་6ལ་ཉེན་ཡོད་ཁང་པ་རྙིང་པ་རྒྱས་
    སྐྲུན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་09ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོར་མཚོ་སྔོན་གྱིས་གནད་སྨིན་དབུལ་སྐྱོར་གྱི་མཐའ་སྐྱོང་དང་ཟུང་འབྲེལ་བྱས་ནས་སྡོད་ཁང་རྒྱག་རྒྱུའི་ནུས་པ་མེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་དུད་ཚང་གི་ཉེན་ཡོད་སྡོད་ཁང་རྒྱས་སྐྲུན་གྱི་གནད་དོན་ཐག་གཅོད་བྱས་ཏེ་སྔོན་རྩིས་བྱས་ན་ཞིང་འབྲོག་དུད་ཚང་ཁྲི་6ལ་ཉེན་ཡོད་སྡོད་ཁང་རྙིང་པ་རྒྱས་སྐྲུན་བྱ་རྒྱུ་ཡིན་པ་རེད།
          མཚོ་སྔོན་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས“ལས་འགན་ཉུང་དུ་མི་གཏོང་བ་དང་ཁ་གསབ་མ་དངུལ་ཚད་བརྒལ་མི་བྱེད་པའི”རྩ་དོན་གཞིར་བཟུང་། རྫོང་རིམ་པའི་སྲིད་གཞུང་གིས་སྤྱི་འདོམས་དང་རིམ་པ་དབྱེ་བའི་ལག་བསྟར་བྱེད་སྟངས་བརྒྱུད་མང་ཚོགས་དབུལ་པོའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།
          རྨང་གཞིའི་དེའི་ཐོག མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་གད་སྙིགས་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ཆེན་ཡོངས་ཀྱི་རྫོང་25(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)ཡི་གད་སྙིགས་ཆེད་དོན་བཅོས་སྒྲིག་གི་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ལས་དོན་ལེགས་སྒྲུབ་བྱས་ཏེ་གྲོང་ཚོས་བསྡུ་རུབ་དང་། ཤང་དང་གྲོང་རྡལ་གྱིས་བརྒྱུད་སྐྱེལ། རྫོང་གིས་ཐག་གཅོད་བྱེད་པ་བཅས་ཀྱི་ཞིང་འབྲོག་ཁུལ་གྱི་གད་སྙིགས་བཅོས་སྒྲིག་ལམ་སྲོལ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་མ་ཟད། ཚད་ལྡན་མིན་པའི་གད་སྙིགས་སྤུངས་ཁུལ་གྱི་བཅོས་སྒྲིག་བྱ་སྤྱོད་དུས་མཚུངས་སུ་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།