འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཚོས་བོད་རྒྱ་ཡིག་གི་འབྲི་རྩལ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་07ཉིན། 15:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་སྐབས། བོད་ལྗོངས་ཀྱིས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་ཚོའི་བོད་རྒྱ་ཡིག་གི་ཡིག་གཟུགས་འགྲན་བསྡུར་སྐབས་དང་པོ་གཉེར་ཞིང་། འགྲན་བསྡུར་དུ་བོད་ལྗོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཡིག་གཟུགས་བརྩམས་ཆོས་412བསྡུ་ལེན་བྱད་ཐུབ་པ་དང་། དཔྱད་འདེམས་བྱས་པ་བརྒྱུད། བརྩམས་ཆོས་64ལ་བྱ་དགའ་ཐོབ་པ་དང་། མཐའ་མཇུག་ཏུ་བརྩམས་ཆོས་50འགྲེམས་སྟོན་དུ་ཞུགས་པ་རེད།
         ས་ཁུལ་དང་གྲོང་ཁྱེར་ཁག་གི་དགེ་རྒན་ཚོས་བསྣམས་ཡོང་བའི་འགྲེམས་སྟོན་ལ་ཞུགས་རྒྱུའི་ཡིག་གཟུགས་བརྩམས་ཆོས་རྣམ་པ་སྣ་མང་ཡོད་པ་དང་། ཚུགས་ཐུང་དང་། འབྲུ་ཚ། དབུ་ཅན། དཔེ་ཚུགས་སོགས་ཡོད་ལ། རྒྱ་ཡིག་གི་བརྩམས་ཆོས་སུ་དབུ་ཅན་དང་འཁྱུག་ཡིག་སོགས་ཡོད་པ་རེད།
         བོད་ལྗོངས་ཀྱིས་ཞིང་འབྲོག་ཁུལ་དུ་ལོ་གཉིས་དང་གྲོང་ཁྱེར་གྲོང་རྡལ་དུ་ལོ་གསུམ་རིང་གི་སློབ་ ན་མ་སོན་གོང་གི་སྐད་གཉིས་སློབ་གསོའི་ལས་གཞི་ལག་བསྟར་བྱེད་ཀྱི་ཡོད་པ་དང་། འོས་འགན་སློབ་གསོའི་སྐབས་སུ་སྐད་གཉིས་སློབ་གསོ་ཐོག་མཐའ་བར་དུ་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ས་གནས་ཁག་གི་སློབ་གྲྭས་དངོས་ཡོད་གནས་ཚུལ་ལ་བསྟུན་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་ཡི་གེ་ཁྱབ་སྤེལ་བྱེད་པ་དང་དུས་མཚུངས་སུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཆུ་ཚོད་མཐོ་རུ་བཏང་ནས་སློབ་མ་ཚོ་ཤེས་ལྡན་མི་སྣར་འགྱུར་རྒྱུར་སྐད་ཡིག་གི་རྨང་གཞི་བརྟན་པོ་འདིང་བར་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།