འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིས་ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་ཞི་བདེའི་འཕེལ་རིམ་ལ་གཏོར་བརླག་གཏོང་བར་ཁོ་རེ་ཡ་
    བྱང་མའི་ཕྱི་དོན་བློན་ཆེན་གྱིས་ཁ་རྡུང་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 11:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་1ཉིན་ཁོ་རེ་ཡ་བྱང་མའི་ཀྲུང་དབྱང་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། ཁོ་རེ་ཡ་བྱང་མའི་ཕྱི་དོན་བློན་ཆེན་ལི་ཡུང་ཧའོ་ཡིས་ཟླ་1ཚེས་30ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུ་ཐེ་ལི་སིར་འཕྲིན་ཡིག་ཕུལ་ནས། ཨ་རིས་ཁོ་རེ་ཡ་ལྷོ་མ་དང་བྱང་མ་གཉིས་ཀྱི་ཞི་བདེའི་འཕེལ་རྒྱས་ལ་གཏོར་བརླག་བཏང་སྟེ། ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་གནས་བབ་སྡུག་ཏུ་བཏང་བས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འདིའི་ཐད་ལ་ཐུགས་ཁུར་དང་བབ་མཚུངས་ཀྱི་བྱེད་ཐབས་སྤྱོད་རྒྱུའི་འབོད་སྐུལ་བྱས་ཡོད་པ་རེད། 
         གནས་འཕྲིན་ལ་གཞིགས་ན། ལི་ཡུང་ཧའོ་ཡིས་འཕྲིན་ཡིག་ནང་དུ། ད་ལྟའི་ལྷོ་བྱང་གཉིས་ཀྱི་གླེང་མོལ་ལ་གྲུབ་འབྲས་ཡག་པོ་ཐོབ་བཞིན་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱེད་གླིང་གི་གནས་བབ་ཞི་འཇགས་འགྲོ་བར་དགའ་བསུ་ཞུ་བཞིན་པའི་མཚམས་འདིར། ཨ་རིས་ཉིང་རྡུལ་སྒུལ་ཤུགས་གནམ་གྲུ་འབབ་སའི་གྲུ་གཟིངས་འཐབ་འཛིང་ཚོ་པ་ཁོ་རེ་ཡ་བྱང་མའི་ཕྱེད་གླིང་གི་ཉེ་འཁོར་དུ་མངགས་ནས། ས་ཁུལ་ཀྱི་གནས་བབ་སྡུག་ཏུ་བཏང་ཡོད་ཚུལ་བསྟན་ཡོད་པ་རེད། 
         ཁོ་རེ་ཡ་བྱང་མས་ལྷོ་བྱང་གཉིས་ཀྱི་འབྲེལ་བ་ཡག་ཏུ་གཏོང་རྒྱུར་སྔར་བཞིན་འབད་བརྩོན་བྱེད་རྒྱུ་ཡིན་མོད། འོན་ཀྱང་ལྷོ་བྱང་གཉིས་ཀྱི་འབྲེལ་བ་གཏོར་བརླག་གཏོང་མཁན་ལ་ཁ་ཡ་མི་བྱེད་པར་གཏན་ནས་སྡོད་མི་སྲིད་པ་བརྗོད་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།