འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་
    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་པོས་རྒྱལ་ཁབ་ཕྱི་ནང་གི་
    གསར་འགོད་པར་དགའ་བསུ་ཞུ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་02ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་སོ་སོར་2018ལོའི་ཟླ་3ཚེས་5ཉིན་དང་ཟླ་3པའི་ཚེས་3ཉིན་པེ་ཅིང་དུ་འགོ་ཚོགས་རྒྱུ་ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གཞུང་ལས་ཐིང་དང་རྒྱལ་ཡོངས་སྲིད་གྲོས་གཞུང་ལས་ཁང་གིས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་སྐབས་དེ་དུས་ཚོགས་འདུར་བཅའ་འདྲིར་གནང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ལུགས་ཡོངས་བསྒྲགས་བྱས་པ་རེད། 
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་པེ་ཅིང་གྲོང་ཁྱེར་བསྐྱར་དར་ལམ་ཁ་པའི་ཨང་རྟགས་11པ་མའེ་ཏི་ཡཱ་རུ་བཙུགས་པས། རྒྱལ་ཕྱི་རྒྱལ་ནང་གི་གསར་འགོད་པ་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་འགོད་པར་ཕེབས་རྒྱུར་སྣེ་ལེན་ཞུ་རྒྱུའི་འགན་ཁུར་ཡོད་པ་རེད། གསར་འགྱུར་ལྟེ་གནས་སུ་ཟླ་2ཚེས་27ཉིན་དངོས་སུ་ལས་འགོ་བརྩམ་རྒྱུ་ཡིན་པ་རེད། 
         ཚོགས་ཆེན་གཉིས་ཀྱི་གསར་འགྱུར་འགོད་པར་ཡོང་བའི་གསར་འགོད་པ་ཚང་མས་སྙན་སེང་ཞུ་དགོས་པ་རེད། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་ལ་སྙན་སེང་ཞུ་དགོས་པ་དང་། ས་གནས་གསར་འགོད་པའི་ཚོགས་པས་ཚོགས་པའི་འཐུས་མིའི་གསར་འགྱུར་ལྟེ་གནས་ལ་སྙན་སེང་ཞུ་དགོས་པ། ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་འགོད་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ་བཅའ་སྡོད་དྲ་སྦྲེལ་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས་པ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་གསར་འགོད་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་བཅའ་སྡོད་དྲ་སྦྲེལ་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས་པ་རེད། ཐའེ་ཝན་ས་ཁུལ་གྱི་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་དོན་གཅོད་གཞུང་ལས་ཁང་ལ་སྙན་སེང་ཞུ་དགོས་པ་རེད། ཕྱི་རྒྱལ་གྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་ལ་སྙན་སེང་ཞུ་དགོས་པ་རེད། གནས་སྐབས་ཀྲུང་གོར་ཡོང་བའི་ཕྱི་རྒྱལ་གྱི་གསར་འགོད་པས་ཕྱི་རྒྱལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཁང་ངམ་དོན་གཅོད་ཁང་དང་། རང་རྒྱལ་གྱི་ཕྱི་འབྲེལ་པུའུ་ཡིས་དབང་སྐུར་བའི་ལམ་ཡིག་ལས་ཁུངས་ལ་སྙན་སེང་ཞུ་དགོས་པ་རེད། གསར་འགོད་པ་མིང་ཐོ་འགོད་པའི་དུས་ཚོད་ནི་ཟླ་2ཚེས་25ཉིན་བར་ཡིན་པ་རེད། 
         གསར་འགོད་པར་གསར་འགོད་སྟབས་བདེ་ཡོང་བར་བྱེད་ཕྱིར། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་སུ་དུས་ཐོག་ཏུ་གསར་འགོད་ཆ་འཕྲིན་དང་གསར་འགོད་དང་འབྲེལ་བ་ཡོད་པའི་གནས་ཚུལ་འདྲི་རྩད་སྤེལ་རྒྱུ་ཡིན་པ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་དྲ་ངོས་གནས་ཡུལ་ནི་http://www.npc.gov.cn/pc/13_1ཡིན།  རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་གནས་ཡུལ་ནི་་http://www.cppcc.gov.cn ཡིན།
      

    ཕྱོགས་བསྡུས་གསར་འགྱུར།