འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཚྭའི་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་ཁ་དན་ཚིག་ལ་ཚབས་ཆེན་མ་གནས་
    མཁན་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་དང་། མི་དམངས་དངུལ་ཁང་ཟི་ལིང་ལྟེ་བའི་ཉིང་ལག་དངུལ་ཁང་། མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་བཅས་ཀྱིས་མཚོ་སྔོན་ཞིང་ཆེན་ཁོངས་ཀྱི་སྡེ་ཚན་29དང《མཚོ་སྔོན་གྱིས་ཚྭའི་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་ཁ་དན་ཚིག་ལ་ཚབས་ཆེན་མ་གནས་མཁན་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་རྒྱུའི་སྐོར་གྱི་མཉམ་ལས་དྲན་ཐོ》ཡི་ཐོག་མཉམ་དུ་མིང་བཏགས་བཀོད་དེ་མཚོ་སྔོན་གྱིས་ཚྭའི་ལས་རིགས་ཀྱི་ཐོན་སྐྱེད་གཉེར་སྐྱོང་ཐད་ཁ་དན་ཚིག་ལ་ཚབས་ཆེན་མ་གནས་མཁན་ལ་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་རྒྱུ་རེད། མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མཉམ་འབྲེལ་ཆད་གཅོད་བྱེད་ཐབས་ཟླ་བ་གཉིས་པའི་ཟླ་སྨད་དུ་དངོས་སུ་ལག་ལེན་བསྟར་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཡུལ་ནི་མཚོ་སྔོན་ཞིང་ཆེན་དཔལ་འབྱོར་ཆ་འཕྲིན་ཅན་ཨུ་ཡོན་ལྷན་ཁང་གིས་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་ཞིང་ཆེན་མངའ་ཁོངས་ནང་ཁ་དན་ཚིག་ལ་ཚབས་ཆེན་མ་གནས་པའི་བཟའ་ཚྭ་དང་བཟའ་བཅའ་མིན་པའི་ཚྭའི་ཐོན་རྫས་ཐོན་སྐྱེད་དང་གཉེར་སྐྱོང་བྱེད་མཁན་ཡིན་ཞིང་། བཟའ་ཚྭ་མིན་པའི་གནས་གཏན་འཁེལ་གྱི་ཐོན་སྐྱེད་ཁེ་ལས་ཀྱིས་བཟའ་ཚྭ་ཐོན་སྐྱེད་བྱས་པར་སྤུས་ཚད་ཀྱི་གནད་དོན་ཚབས་ཆེན་ལྷག་པའི་བཟའ་ཚྭའི་གནས་གཏན་འཁེལ་གྱི་ཐོན་སྐྱེད་ཁེ་ལས་དང་དེ་བཞིན་ཁྲོམ་རའི་འགྲན་རྩོད་ཀྱི་ཚད་གཞི་དང་དྲང་བདེན་དང་ཡིད་རྟོན་གྱི་རྩ་དོན་ལས་འགལ་བའི་ཐོན་སྐྱེད་གཉེར་སྐྱོང་པ་གཞན་ཚུད་པར། ཁ་དན་ཚིག་ལ་མ་གནས་པའི་གནས་ཚུལ་ཚབས་ཆེ་ཆུང་ལ་གཞིགས་ནས་དེ་དང་འཚམ་པའི་ཆད་གཅོད་བྱ་ཐབས་སྤྱོད་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།