འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་བྱས་པ་གཙང་སྤྲོད་བྱེད་པའི་ལས་དོན་
    དམ་འཛིན་ནན་པོ་བྱས་ཏེ་ཞིང་པ་ལས་མིའི་ཁེ་དབང་འགན་སྲུང་ཏན་ཏིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་གསར་འགོད་པས་བོད་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་ཤེས་རྟོགས་བྱུང་གསལ། ཞིང་པ་ལས་མིའི་གླ་ཆ་ཐོབ་ཆའི་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་ཆེད་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། དེ་བཞིན་བོད་རང་སྐྱོང་ལྗོངས་ཁེ་ལས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་མཉམ་འབྲེལ་གྲོས་ཚོགས་གཞུང་ལས་ཁང་བཅས་ཀྱིས་སྔ་རྗེས་སུ་ཆེད་དོན་ཚོགས་འདུ་འཚོགས་ནས་མིག་སྔའི་ལྗོངས་ཡོངས་ཀྱི་ཞིང་པ་ལས་མིར་གླ་ཕོགས་སྤྲོད་པའི་ལས་དོན་ཐད་འཕྲད་པའི་གནས་ཚུལ་ལ་དབྱེ་ཞིབ་བྱས་པ་དང་། 2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན། བོད་པའི་ལོ་གསར་བཅས་ཀྱི་གོང་དུ་ཞིང་པ་ལས་མིར་གླ་ཕོགས་སྤྲོད་པར་འགན་སྲུང་བྱེད་རྒྱུའི་ལས་དོན་དང་། ཞིང་པ་ལས་མིར་གླ་ཕོགས་འགྱངས་ཆད་ཀྱི་རིམ་བསགས་གྱོད་དོན་གཅིག་སྡུད་ཀྱིས་གཙང་བཤེར་བྱེད་རྒྱུའི་ལས་དོན་གཙོ་གནད་དུ་བཟུང་སྟེ་བཀོད་སྒྲིག་བྱས་པ་རེད། དེ་དང་དུས་མཚུངས་སུ། བོད་རང་སྐྱོང་ལྗོངས་ཁེ་ལས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་མཉམ་འབྲེལ་གྲོས་ཚོགས་ཀྱི་གཞུང་ལས་ཁང་གིས་《< བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་ལས་མིར་གླ་ཕོགས་སྤྲོད་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱེད་སྒོ་སྤེལ་རྒྱུའི་ལག་བསྟར་ཇུས་གཞི་〉པར་འགྲེམས་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ་》དང་ 《ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་ཀྱི་རིམ་བསགས་གྱོད་དོན་གཅིག་སྡུད་ཀྱིས་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་ཛ་དྲག་ཆེ་བའི་བརྡ་ཐོ་》སོགས་འགྲེམས་སྤེལ་བྱས་པ་རེད།
         ཁོངས་གཏོགས་ས་ཁུལ་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་པོ་གཏོང་ཆེད། 2017ལོའི་ཟླ་12ཚེས་20ཉིན་ནས་འགོ་བརྩམས་ཏེ་བོད་རང་སྐྱོང་ལྗོངས་ཁེ་ལས་ཀྱི་གླ་ཆ་འགྱངས་ཆད་གནད་དོན་ཐག་གཅོད་མཉམ་འབྲེལ་གྲོས་ཚོགས་ཀྱི་ཁོངས་མི་སྡེ་ཚན་ཁག་ལས་ལྟ་ཞིབ་ཚོགས་ཆུང་4བཙུགས་ནས་ཁག་བགོས་ཀྱིས་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་བསྐྱོད་ནས་ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་གནད་དོན་ཐག་གཅོད་བྱེད་པར་ཆེད་དོན་ལྟ་ཞིབ་ལས་དོན་སྤེལ་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།