འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"འཆར་གཞི་ཡོད་པའི་རང་བཞིན་གྱི་རྙིང་པ་འདོར་བའི"ལག་འཁྱེར་ཁ་པར་ཡིན་པའི་
    དོགས་གཞི་ཡོད་པས་ཧྥ་རན་སེར་ཀུ་ཤུ་ལག་འཁྱེར་ཁ་པར་ལ་བརྟག་དཔྱད་
    བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 13:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་ཧྥ་རན་སེའི་ཁྲིམས་འཛིན་དཔོན་པོ་ཞིག་གིས་ཞིབ་དཔྱོད་ཕྱོགས་ཀྱིས་ཨ་རིའི་ཀུ་ཤུ་ལག་འཁྱེར་ཁ་པར་ཀུང་སི་ལ"འཆར་གཞི་ཡོད་པའི་རང་བཞིན་གྱི་རྙིང་པ་འདོར་བ"ཞེས་པའི་བྱ་ཐབས་ལ་བརྟེན་ནས་མཛད་སྤྱོད་པར་རྣམ་པ་སྒྱུར་བའི་སྒོ་ནས་ལག་འཁྱེར་ཁ་པར་གསར་པ་ཉོ་རྒྱུར་སྐུལ་འདེད་བྱས་པའི་དོགས་གཞི་ཡོད་པས་བརྟག་དཔྱད་བྱེད་འགོ་ཚུགས་ཡོད་ཅེས་བཤད་པ་རེད།
         ཧྥ་རན་སེའི་གསར་འགྱུར་ཁང་གིས་གནས་འཕྲིན་སྤེལ་བར་གཞིགས་ན། བརྟག་དཔྱད་འདི་ནི་ཧྥ་རན་སེ་རྒྱལ་ཁབ་སྲིད་གཞུང་དཔལ་འབྱོར་པུའུ་སྒེར་སྡེམ་ལ་ངོ་རྒོལ་དང་མཛད་སྤྱོད་པའི་ཁེ་ཕན་སྲུང་སྐྱོང་སྡེ་ཁག་གི་ཆེད་མཁས་པ་ཁ་ཤས་ཀྱིས་སྣེ་ཁྲིད་པ་ཡིན་ཞིང་། འབྱུང་རྐྱེན་ནི"འཆར་གཞི་ཡོད་པའི་རང་བཞིན་ངང་རྙིང་པ་འདོར་བར་བཀག་འགོག"ཅེས་པའི་སྤྱི་ཚོགས་ཀྱི་ཚོགས་པ་ཞིག་གིས་གཏུག་བཤེར་ཞུས་ནས་ཀུ་ཤུ་ལག་ཁྱེར་ཁ་པར་གྱི་བཟོ་རྟགས་iPhoneཁ་ཤས་ལ"ལྐོག་ཏུ་ཚུལ་མིན"བྱས་པས"མགོ་སྐོར་གཡོ་འཕྲུལ་"བྱས་པའི་དོགས་གཞི་ཡོད་པའི་བྱས་ཉེས་བགྲངས་པ་རེད།
         "འཆར་གཞི་ཡོད་པའི་རང་བཞིན་གྱི་རྙིང་པ་འདོར་བ"ཞེས་པ་ནི་བཟོ་མཁན་གྱིས་བྱ་ཐབས་ག་གེ་མོ་ཞིག་བེད་སྤྱོད་བྱས་ནས་ཐོན་རྫས་ཀྱི་ནུས་པས་མཛད་སྤྱོད་པའི་དགོས་མཁོར་སྐོང་མི་ཐུབ་པར་བཟོས་པ་ཡིན་པ་དང་། ཚད་ངེས་ཅན་ཞིག་གི་ཐོག་ནས་མཛད་སྤྱོད་པར་རིམ་པ་འཕར་བའི་ཐོན་རྫས"བཙན་ཉོ"བྱེད་དུ་བཅུག་པར་ཟེར་བ་རེད།
         "འཆར་གཞི་ཡོད་པའི་རང་བཞིན་གྱི་རྙིང་པ་འདོར་བ"ཞེས་པ་དེ་ཧྥ་རན་སེར་གཏུག་བཤེར་མ་བྱས་པའི་སྔོན་གྱི་2017ལོའི་ཟླ་12ཚེས་28ཉིན་ལ་བཀོལ་སྤྱོད་མ་ལག་གསར་བསྒྱུར་བྱས་ན་iPhoneལག་འཁྱེར་ཁ་པར་རྙིང་པའི་འཁོར་སྐྱོད་མྱུར་ཚད་དལ་དུ་འགྲོ་སྲིད་པའི་སྐོར་མཛད་སྤྱོད་བྱེད་མཁན་ཚོར་དགོངས་དག་ཐུགས་བདེན་ཞུས་ཡོད་པ་རེད།
         ཀུ་ཤུ་ལག་འཁྱེར་ཁ་པར་སྤྱི་ཁྱབ་པུའུ་ནི་ཨ་རིའི་ཀ་ལི་ཧྥུ་ཉི་ཡ་མངའ་སྡེ་རུ་ཡོད་པ་དང་། ཨ་རི་ལའང་འདི་འདྲ་གཏུག་བཤེར་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།