འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་མཐོ་རིམ་མི་སྣའི་གྲོས་མོལ་མཇུག་བསྒྲིལ་བ་དང་། དོན་ཚན་མང་
    པོའི་ཐད་ལ་ངོས་འཛིན་གཅིག་མཐུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱི་མཐོ་རིམ་མི་སྣའི་གྲོས་མོལ་མཇུག་བསྒྲིལ་བ་དང་། དོན་ཚན་མང་
པོའི་ཐད་ལ་ངོས་འཛིན་གཅིག་མཐུན་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན། ཁོ་རེ་ཡ་ལྷོ་མ་དང་ཁོ་རེ་ཡ་བྱང་མ་གཉིས་ཀྱིས་པན་མོན་ཏེན་དུ་མཐོ་རིམ་མི་སྣའི་གྲོས་མོལ་མཇུག་བསྒྲིལ་བ་དང་། ཕྱོགས་གཉིས་ཀས་ཐུན་མོང་གསལ་བསྒྲགས་ཁྱབ་བསྒྲགས་བྱས་ནས་ཁོ་རེ་ཡ་བྱང་མ་ཕིང་ཁྲང་དགུན་དུས་ཀྱི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་དང་། ཕྱོགས་གཉིས་བར་དམག་དོན་སྡེ་ཁག་གི་གྲོས་མོལ་བྱེད་རྒྱུ་སོགས་ཀྱི་དོན་ཚན་ཐད་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་རེད། ཕྱོགས་གཉིས་ཀས་ཁྱབ་ཁོངས་ཁག་ནས་གྲོས་མོལ་བྱེད་རྒྱུ་དང་། གྲོས་མོལ་བྱེད་པར་བརྟེན་ནས་གནད་དོན་ཐག་གཅོད་བྱེད་རྒྱུ་ཡིན་ཞེས་ནན་བཤད་བྱས་པ་རེད།
         ཕྱོགས་གཉིས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཐུན་མོང་གསལ་བཤད་ལ་གཞིགས་ནས་ཁོ་རེ་ཡ་བྱང་མས་མཐོ་རིམ་འཐུས་མི་ཚོགས་པ་དང་མི་རིགས་ཨོ་ལིན་ཕིག་ཨུ་ཡོན་ལྷན་ཚོགས་ཀྱི་འཐུས་མི་ཚོགས་པ་བཏང་ནས་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་ཡིན་པ་དང་། གཞན་ཡང་། ཁོ་རེ་ཡ་བྱང་མའི་ཕྱོགས་ཀྱིས་ད་དུང་ལུས་རྩལ་པའི་ཚོགས་པ་དང་། ངར་སློང་རུ་ཁག སྒྱུ་རྩལ་ཚོགས་པ། གསར་འགོད་པའི་ཚོགས་པ་སོགས་ཁོ་རེ་ཡ་ལྷོ་མར་འཚམས་འདྲི་བྱེད་པར་གཏོང་རྒྱུ་ཡིན་པ་དང་། ཁོ་རེ་ཡ་ལྷོ་མའི་ཕྱོགས་ཀྱིས་དེར་དགོས་ངེས་ཀྱི་སྟབས་བདེ་མཁོ་སྤྲོད་བྱ་རྒྱུ་རེད།
         ཁོ་རེ་ཡ་ལྷོ་མའི་གཅིག་འགྱུར་པུའུ་ཡི་དཔོན་པོ་ཀྲའོ་མིང་ཅུན་གྱིས་དེའི་རྗེས་སུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་གྲོས་མོལ་ནི་བསམ་པ་རྣམ་དག་དང་མཛའ་མཐུན་གྱི་སྣང་ཚུལ་འོག་བྱས་པ་དང་། ཐེངས་འདིའི་གྲོས་མོལ་ནི་མ་འོངས་པར་ཁོ་རེ་ཡ་ལྷོ་བྱང་གཉིས་བར་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྤོས་པའི་གོམ་སྟབས་དང་པོ་ཡིན་ཞིང་། ལྷོ་བྱང་བར་གྱི་འབྲེལ་བ་སླར་གསོ་དང་འཕེལ་རྒྱས་འགྲོ་བར་དོན་སྙིང་གལ་ཆེན་ལྡན་པ་དང་། ཁོ་རེ་ཡ་བྱང་མ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་རྒྱུ་གཏན་འབེབས་བྱས་པ་དང་། ཁོ་རེ་ཡ་གླིང་ཕྲན་ཕྱེད་ཙམ་གྱི་ཛ་དྲག་ཆེ་བའི་གནས་བབ་ཞི་ལྷོད་དུ་གཏོང་བའི་གོ་སྐབས་བསྐྲུན་པ་རེད་ཅེས་བསྟན་པ་རེད།
         ཀྲའོ་མིང་ཅུན་གྱིས་ཁོ་རེ་ཡ་ལྷོ་མའི་ཕྱོགས་ཀྱིས་གྲོས་མོལ་བྱེད་སྐབས་ད་དུང་ཁོ་རེ་ཡ་བྱང་མར་ཁོ་ར་ཡ་གླིང་ཕྲན་ཕྱེད་ཙམ་དུ་ཉིང་རྡུལ་མཚོན་ཆ་མེད་པ་བྱེད་རྒྱུའི་གྲོས་མོལ་བྱེད་འགོ་བསྐྱར་དུ་སྔ་ཙམ་འཛུགས་དགོས་ངེས་ཡོད་པའི་ལང་ཕྱོགས་བརྒྱུད་བསྒྲགས་བྱས་ཡོད་ཅེས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།