འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་བོད་ལྗོངས་ལ་བསྐྱར་དུ་ལོ་ལེགས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་འབྲོག་ཐིང་ནས་ཤེས་རྟོགས་བྱུང་གསལ་དུ། 2017ལོར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་འབྲུ་རིགས་དང་ལྷག་པར་དུ་ནས་ཐོན་སྐྱེད་ཀྱི་བདེ་འཇགས་དམ་འཛིན་བླ་ལྷག་གནང་བ་རེད། གྲོང་ཁྱེར་དང་། ས་ཁུལ། རྫོང་། ཆུས་བཅས་ཀྱི་ཞིང་འབྲོག་སྡེ་ཁག་གིས་ས་གནས་དངོས་ཀྱི་ཐོན་འབོར་བསྡོམས་རྩིས་བྱས་འབྲས་དང་ཞིང་དུད་ཀྱི་གནས་ཚུལ་རྟོག་ཞིབ་ཙམ་མ་ཟད་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་སྡེ་ཁག་གི་གྲོང་ཁྱེར་གཙོ་གནད་དུ་བསྐྱོད་ནས་བརྟག་དཔྱད་བྱས་པའི་རིགས་པའི་གཞུང་ལུགས་དང་། དོན་དངོས་ཀྱི་ཐོན་འབོར་གནས་ཚུལ་ལ་གཞིགས་ན། 2017ལོར། འབྲུ་རིགས་ལོ་ལེགས་བྱུང་བ་གཏན་ཁེལ་ཟིན་ཡོད་ལ། སྔོན་དཔག་བྱས་ན་འབྲུ་རིགས་ཐོན་འབོར་ཏུན་ཁྲི་103.7ཟིན་ཡོད་པ་དང་། ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་337.58ལ་སླེབས་ཡོད་པས། ན་ནིང་ལས་ཏུན་ཁྲི་1.3དང་། སྤྱི་རྒྱ་4.54འཕར་སྣོན་བྱུང་ཡོད་པ་རེད།
         དེའི་ནང་ནས། ནས་ཀྱི་ཐོན་ཚད་སྔོན་དཔག་བྱས་ན་ཏུན་ཁྲི་79.5ལ་སླེབས་ཡོད་པ་དང་། ཆ་སྙོམས་མུའུ་རེའི་ཐོན་ཚད་སྤྱི་རྒྱ་378.2ལ་སླེབས་ཡོད་པ་རེད། ན་ནིང་གི་དུས་མཉམ་ལས་ཏུན་ཁྲི་6.7འཕར་ཏེ། སྤྱི་རྒྱ་11.1འཕར་སྣོན་བྱུང་བ་རེད། གྲོའི་ཐོན་འབབ་ཏུན་ཁྲི་19.9ལ་སླེབས་ཏེ། ན་ནིང་ལས་ཏུན་ཁྲི་3.2ཆག་ཡོད་པ་རེད། འབྲུ་རིགས་གཞན་དག་ཐོན་འབབ་སྔོན་དཔག་བྱས་ན་ཏུན་ཁྲི་4.3ཟིན་ཡོད་པ་དང་། ན་ནིང་ལས་ཏུན་ཁྲི་2.2ཆག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།