འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་སོག་གིས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི"མཚོན་ཚུལ་རིགས་བཅུ"
    གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་ཆེད། ཉེ་ཆར་ནང་སོག་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་《2018ལོའི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི“མཚོན་ཚུལ་རིགས་བཅུ”གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》པར་འགྲེམས་བྱས་ནས་ནང་སོག་གིས་གཅིག་སྡུད་ཐོག་བཅོས་སྒྲིག་གི་ལས་དོན་སྤེལ་ཏེ་སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་གསར་པར་བརྟེན་ནས་ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་གཙང་སེལ་དང་བཅོས་སྒྲིག་བྱས་ནས་སྤྱི་ཚོགས་ཀྱི་གོམས་སྲོལ་སྔར་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ནང་སོག་གིས་གཅིག་སྡུད་བཅོས་སྒྲིག་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་དང་། སྲིད་གཞུང་གི་བུ་ལོན་སེལ་བ། སྲིད་གཞུང་གི་མ་དངུལ་དོ་དམ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ། གཞི་རིམ་གྱི་སྤྱི་ཚོགས་དོ་དམ་བཅས“ཁྱབ་ཁོངས་ལྔ”ལ་དམིགས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལ་ལྟ་སྟངས་ཡག་པོ་མི་འཛིན་པ་དང་ལས་དོན་ཏན་ཏིག་མི་སྒྲུབ་པ་དང་། མིང་ཙམ་གྱི་དབུལ་སྒྲོལ་བྱེད་པ། གྲངས་ཀ་ཙམ་གྱི་དབུལ་སྒྲོལ་བྱེད་པ། གཞན་དབང་ཙམ་གྱི་དབུལ་སྒྲོལ་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་དང་ལག་བསྟར་དོན་འཁྱོལ་ནན་པོ་བྱེད་རྒྱུ་དང་། དུས་ཚོད་བཀོད་སྒྲིག་གི་བླང་བྱ་ལྟར་ཕན་འབྲས་ལྡན་པའི་བྱ་ཐབས་ལ་བརྟེན་ནས་བུ་ལོན་རྙིང་པ་འཇལ་མེད་པ་དང་། ཡོང་སྒོ་ལས་འགྲོ་སོང་ཆེ་བ། མ་དངུལ་འབོར་ཆེན་བསྡུ་སྒྲིལ། འོས་ཚོད་ཀྱིས་ལག་ལེན་བྱས་ནས་དོན་དངོས་དང་མི་མཐུན་པའི་རྣམ་གྲངས་ཀྱིས་བུ་ལོན་གྱི་ཉེན་ཁ་ཚོད་འཛིན་མི་ཐུབ་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ། ནོར་སྲིད་རྫུན་འཕར་སྟོང་འཁོར་དང་། དཔལ་འབྱོར་བསྡོམས་རྩིས་ཀྱི་གྲངས་གཞི་རྫུན་བཟོ། ས་ཞིང་ནང་བཤུག་གཏོང་དངུལ་རང་དགར་ཆག་ཡང་དང་རྩ་ཆག་གཏོང་བ། ལས་གྲྭའི་འགྲོ་གྲོན་ཉུང་དུ་བཏང་ནས་མ་དངུལ་རྫུས་མ་བཟོ་བ། ས་ཞིང་ནང་བཤུག་གཏོང་བའི་དབང་ཆ་དང་། གཏེར་ཁ་བཙལ་འཚོལ་དབང་ཆ། གཉེར་སྐྱོང་དབང་ཆ་བཅས་སྒྲིག་འགལ་གྱིས་རིན་གོང་མཐོ་པོའི་སྒོ་ནས་ཚུར་བསྡུ་བྱས་པས་གཞུང་ཁོངས་རྒྱུ་ནོར་ལ་གྱོང་གུན་བཟོས་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ། ཏང་གི་འདུ་ཤེས་དང་། ཏང་ཡོན་གྱི་འདུ་ཤེས་ཞན་པ། ཏང་གི་འདོད་ཚུལ་ལ་ཧམ་འདོད་ཀྱིས་དཔྱད་གཏམ་གླེང་བ། ཏང་ནང་ཁུལ་དུ་རྩ་དོན་ལ་མ་གཞིགས་པར“མི་དགའ་དགའ་མདོག་བྱེད་པ” སློབ་སྦྱོང་སློབ་གསོ་དང་། དམངས་གཙོའི་འཚོ་བའི་ཚོགས་འདུ། “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”རྫུན་བཟོ་བྱེད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ། གཞི་རིམ་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་རྣམ་འགྱུར་ཞན་པ་དང་ལོ་རྒྱུས་ཀྱི་ཤུལ་བཞག་གནད་དོན་དུས་ཡུན་རིང་པོར་ཐག་གཅོད་མ་ཐུབ་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་བྱེད་རྒྱུ་བཅས་རེད།
         ད་ཐེངས་ཀྱི་གཅིག་སྡུད་བཅོས་སྒྲིག་ལས་དོན་དེ2018ལོའི་ཟླ་1པོའི་ཟླ་མཇུག་ནས་ཟླ་12པའི་བར་རྒྱུན་མཐུད་དེ་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།