འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷོ་ཕྱོགས་གློག་དྲས་མ་དངུལ་ཕོན་ཆེན་བཏང་ནས་གྲོང་གསེབ་གློག་དྲ་སྒྱུར་བཀོད་དང་ཞིང་པར་
    གློག་འདང་ངེས་སྤྱོད་ཐུབ་པར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ལོ་གསར་པ་འཆར་མ་ཐག ཀོང་ཏུང་ཀྲའོ་ཆིང་གྲོང་ཁྱེར་ཀའོ་ཡའོ་ཆུས་ཧུའེ་ལུང་གྲོང་རྡལ་སུང་ཧྲན་གྲོང་ཚོའི་ཉ་ལོ་ཧྥེ་གསོ་ཚགས་རྟེན་གཞིར་རྫིང་བུ་རེ་རེའི་དཀྱིལ་དུ་གསོ་རླུང་འཕྲུལ་ཆས་རེ་རེ་ནས་ལྦུ་བ་ཆིལ་ཆིལ་དུ་ཐོན་ཏེ་དགུན་དུས་ཀྱི་ཉི་ཟེར་འོག་དེ་བས་བཀྲག་མདངས་འཚེར་བ་ཞིག་ཏུ་སྣང་། “དེ་སྔ་ཉའི་རྫིང་བུ་མུའུ་གཅིག་ནང་ཉ་1500ལས་གློད་ནུས་ཀྱི་མེད། ད་ཆ་གྲོང་གསེབ་ཀྱི་གློག་དྲ་རིམ་སྤོར་བྱས་ནས་གློག་བརྟན་དུ་ཕྱིན་པས་ཉ་3000གློད་ཀྱང་གནད་དོན་མི་འདུག་ལ། ཡོང་འབབ་ཀྱང་ལྡབ་གཅིག་འཕར་བ་དང་དེ་དག་ཚང་མ་རེས་སྐོར་གསར་པའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་བྱས་པ་ལས་བྱུང་བ་ཡིན”ཞེས་གསོ་ཚགས་དུད་ཆེན་ཨའུ་ཁྲའོ་མིང་གིས་དགའ་སྤྲོའི་ངང་བཤད།
         “དེ་སྔ་ཚང་མས‘ཕྱུག་པོ་ཆགས་འདོད་ན་སྔོན་ལ་ལམ་འདིང་དགོས’ཞེས་བརྗོད་ཀྱི་ཡོད། ད་ཆ‘ཕྱུག་པོ་ཆགས་འདོད་ན་གློག་འཁྲིད་དགོས’ཞེས་ཤོད་ཀྱི་ཡོད” 2016ལོར་ལྷོ་ཕྱོགས་གློག་དྲས་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱེད་འགོ་བཙུགས་ནས་སུང་ཧྲན་གྲོང་ཚོའི་ཁོངས་གཏོགས་ཀྱི་ཏཱ་ཅིང་ལྟེ་བའི་གྲོང་ཚོ་ཁོ་ནར་ཀོང་ཏུང་ཀྲའོ་ཆིང་གློག་འདོན་ཅུས་ཀྱིས་མ་དངུལ་སྒོར་ཁྲི་332བཏང་སྟེ་གློག་གཏོང་ཚད་ཆན་ཕུའུ་ཨན་ཏུའུ་1600ཟིན་པའི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་། གློག་ཤུགས་ཆུང་བའི་གློག་སྐུད་སྟོང་སྨི་17ཙམ་གསར་དུ་འཁྲིད་པ་དང་སྒྱུར་བཀོད་བྱས་པ། རང་སྒུལ་གྱི་འཕྲིན་གཏོང་ནུས་པ་ལྡན་པའི་འགོག་རྐྱེན་བརྡ་གཏོང་ཆས་བསྒར་བ་བཅས་ལས་ལྟེ་བའི་གྲོང་ཚོའི་གློག་གཏོང་བར་ཐག་ཆེས་ཆེར་ཐུང་དུ་ཕྱིན་པ་དང་གློག་ཤུགས་ཆུང་བ་སོགས་ཀྱི་གནད་དོན་རྦད་དེ་ཐག་ཆོད་པ་མ་ཟད། གྲོང་གསེབ་ཀྱི་མང་ཚོགས་དུད་ཚང་2201གི་འཚོ་བ་དང་ཐོན་སྐྱེད་ཐད་ཀྱི་གློག་གི་དགོས་མཁོ་ཡང་བསྐངས་པ་རེད།
         “ལྷོ་ཕྱོགས་གློག་དྲའི་རེས་སྐོར་གསར་པའི་གྲོང་གསེབ་གློག་དྲ་སྒྱུར་བཀོད་ནི་གྲོང་གསེབ་ཀྱི་གློག་གཏོང་ནུས་པ་ཆེ་རུ་བཏང་ནས་མི་དམངས་ཚོས་བདེ་སྡུག་ལྡན་པའི་འཚོ་བ་བསྐྱལ་བའི་གློག་གི་དགོས་མཁོ་སྐོང་རྒྱུ་དེ་རེད། ལོ་གཉིས་རིང་ང་ཚོས་གྲོང་གསེབ་གློག་དྲ་སྒྱུར་བཀོད་ཀྱི་དངུལ་སྒོར་དུང་ཕྱུར་652(སྤྱིའི་འཆར་གཞིར་སྒོར་དུང་ཕྱུར་1312ཡིན་པ)བཏང་སྟེ་འབྲེལ་ཡོད་ཐོན་ལས་སྐུལ་ཁྲིད་ཀྱིས་མ་འཇོག་སྒོར་དུང་ཕྱུར་3800ལྷག་ཙམ་བྱས་ནས་རྒྱལ་དམངས་དཔལ་འབྱོར་འཕར་རྒྱུར་སྒུལ་ཤུགས་གསར་པ་བསྣན་ཡོད”ཅེས་ལྷོ་ཕྱོགས་གློག་དྲ་ཀུང་སིའི་ཏང་ཙུའི་ཧྲུའུ་ཅི་ཏུང་ཧྲི་ཀྲང་ལི་ཆིང་ཁུའེ་ཡིས་བཤད།
         མིག་སྔར། ལྷོ་ཕྱོགས་གློག་དྲའི་ས་ཁོངས་ཀྱི་གྲོང་རྡལ་ཆུང་ངུ་དང་ལྟེ་བའི་གྲོང་ཚོ་7665ཡི་གློག་དྲ་སྒྱུར་བཀོད་རིམ་སྤོར་བྱས་ཟིན་པ་དང་། འཕྲུལ་ཁྲོན་4709ལ་གློག་ཤར་གཏོང་ཐུབ་པ་དང་གྲོང་ཚོ་དབུལ་པོ་262ལ་སྒུལ་ཤུགས་གློག་ཤར་གཏོང་ཐུབ་པ་མ་ཟད། ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་གྱི་ལེ་ལག་ཚང་བའི་གློག་དྲའི་རྣམ་གྲངས་3039ཡང་བསྐྲུན་ཟིན་པས། གྲོང་གསེབ་ས་ཁུལ་གྱི་གློག་ཤུགས་མཁོ་སྤྲོད་ལ་འགན་ལེན་ཏན་ཏིག་ཐུབ་པ་དང་གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།