འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཧུའུ་པེས་ནགས་ལས་ཁྲིམས་འཛིན་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས་ནགས་འབྲེལ་ཁྲིམས་
    འགལ་བྱེད་སྤྱོད་113ལ་གཙོ་གནད་ཐོག་རྡུང་རྡེག་བཏང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ནགས་ལས་ཀྱི་སྲིད་འཛིན་ཁྲིམས་འཛིན་གྱི་སྒྲིག་སྲོལ་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་ཆེད། ཧུའུ་པེ་ཞིང་ཆེན་གྱིས་ནགས་ཚལ་སྤྱི་བདེས་གཙོ་བོར་བྱེད་པའི་ནགས་ལས་ཀྱི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་གྱི་སྒྲིག་སྲོལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། བཅའ་ཁྲིམས་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་པའི་རིགས་7གྱི་སྲིད་འཛིན་ཆད་གཅོད་དབང་ཆ་ཁག་113ལག་ལེན་བསྟར་རྩིས་ཡོད་པ་རེད།
          སྲིད་འཛིན་ཆད་གཅོད་དབང་ཆ་113དེ་དག་ནང་ནགས་ཤིང་དང་ནགས་སའི་རིགས་30དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་རིགས་22 བྱེ་འགོག་བྱེ་བཅོས་རིགས་5 ནགས་ཚལ་མེ་ཟོན་རིགས་10 ནགས་ལས་ཀྱི་གནོད་ཅན་སྐྱེ་དངོས་འགོག་བཅོས་རིགས་6 ནགས་ཤིང་གི་སྡོང་རྐང་དང་དེ་བཞིན་རྩི་ཤིང་གི་སྣ་ཁ་གསར་པའི་རིགས་24 རང་བྱུང་སྲུང་སྐྱོང་ཁུལ་དང་འདམ་རའི་སྤྱི་གླིང་རིགས་14 ཁྲག་འཇིབ་ནད་འབུ་འགོག་བཅོས་རིགས་2བཅས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ནགས་ཤིང་ལྐོག་གཅོད་དང་། ནགས་སའི་ས་ངོས་རྩི་ཤིང་ལ་གཏོར་སྐྱོན་གཏོང་བ། ཤིང་ཆ་ལྐོག་འདྲེན། ཁྲིམས་འགལ་ངང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་སྲོག་ཆགས་རྔོན་རྒྱག་པ། ནགས་ཚལ་མེ་ཟོན་ཁུལ་དུ་རང་དགར་མེ་གཏོང་བ། ཆོག་མཆན་མེད་པར་རང་བྱུང་སྲུང་སྐྱོང་ཁུལ་ནང་འཛུལ་བ་སོགས་ཀྱི་བྱེད་སྤྱོད་ཚང་མ་ནགས་འབྲེལ་གྱི་ཁྲིམས་འགལ་བྱེད་སྤྱོད་ཁོངས་སུ་གཏོགས།
          ཧུའུ་པེ་ཞིང་ཆེན་ནགས་ལས་ཐིང་གི་ཐིང་ཀྲང་ལིའུ་ཤིན་ཁྲེ་ཡིས་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱིས་སྔ་ཕྱི་བར་གསུམ་དུ་ནགས་འབྲེལ་གྱི་ཁྲིམས་འགལ་ཉེས་གསོག་ལ་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ནགས་ལས་སྣོད་བཅུད་ཐོན་ཁུངས་ལ་གཏོར་སྐྱོན་བཟོ་བའི་ཁྲིམས་འགལ་ཉེས་གསོག་ལ་ཁྲིམས་ལག་བསྟར་བྱེད་ཕོད་པ་བྱས་ནས“གྱོད་གཞི་ཡོད་ཚེ་ངེས་པར་དུ་གྱོད་ཐོ་འགོད་པ་དང་གྱོད་ཐོ་བཀོད་ཚེ་ངེས་པར་དུ་ཞིབ་བཤེར་བྱེད་པའི་དུས་མཚུངས་སུ་རྩད་གཅོད་མཐའ་གཅིག་ཏུ་བྱས་ཡོད”ཅེས་བཤད་པ་དང་། ནགས་ལས་སྡེ་ཚན་གྱིས་འགོ་ཁྲིད་ལས་བྱེད་པས་ཁྲིམས་འཛིན་གྱོད་སྒྲུབ་བྱེད་སྒོར་འགོག་རྐྱེན་བཟོ་བ་དང་ཞིབ་ཕྲའི་གྱོད་གཞི་ཐག་གཅོད་ལ་ཐེ་ཇུས་བྱེད་པའི་ཐོ་འགོད་བརྡ་གཏོང་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ནས་ཁྲིམས་འཛིན་ལ་འགོག་རྐྱེན་མི་ཐེབས་པ་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།