འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་དངུལ་ཁང་གིས་པའེ་ཧང་ཡིད་རྟོན་གྱི་འབྲེལ་ཡོད་གནས་ཚུལ་སྤྱི་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། ཀྲུང་གོ་མི་དམངས་དངུལ་ཁང་གི་གཞུང་ཕྱོགས་དྲ་བའི་ཐོག་སྤེལ་བའི“པའེ་ཧང་ཡིད་རྟོན་ཚད་ཡོད་ཀུང་སིའི་(གྲབས་གཤོམ)འབྲེལ་ཡོད་གནས་ཚུལ་གྱི་སྤྱི་བསྒྲགས”ནང་། པའེ་ཧང་ཡིད་རྟོན་ཚད་ཡོད་ཀུང་སིའི་(གྲབས་གཤོམ)མི་སྒེར་གྱི་ཡིད་རྟོན་ལས་སྒོའི་རེ་ཞུ་བདག་སྤྲོད་བྱས་ཟིན་ཞེས་བརྗོད་ཡོད། 《ཡིད་རྟོན་ཁྱབ་ཁོངས་ཀྱི་དོ་དམ་སྲོལ་ཡིག་》དང་《ཡིད་རྟོན་སྒྲིག་གཞིའི་དོ་དམ་བྱ་ཐབས་》སོགས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། ད་ཆ་པའེ་ཧང་ཡིད་རྟོན་ཚད་ཡོད་ཀུང་སིའི་(གྲབས་གཤོམ)འབྲེལ་ཡོད་གནས་ཚུལ་གསལ་བསྒྲགས་བྱས་ཤིང་། ལས་རིགས་ནང་ཡུན་རིང་རེ་སྒུག་བྱས་པའི“ཡིད་རྟོན་མཉམ་འབྲེལ”གཞི་ནས་ཡོངས་སུ་བསྒྲགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། པའེ་ཧང་ཡིད་རྟོན་གྱིས་གཙོ་བོ་དངུལ་ཁང་དང་། དངུལ་འཛིན། འགན་བཅོལ་སོགས་སྲོལ་རྒྱུན་གྱི་དངུལ་རྩའི་སྒྲིག་གཞི་ཕུད་པའི་དྲ་བའི་བུན་གཡར་སོགས་ཁྱབ་ཁོངས་སུ་མི་སྒེར་གྱི་ཡིད་རྟོན་བྱེད་སྒོ་སྤེལ་བ་དང་། མི་དམངས་དངུལ་ཁང་ཡིད་རྟོན་ལྟེ་གནས་ཀྱིས་ལས་གཉེར་འཁོར་སྐྱོད་བྱེད་བཞིན་པའི་རྒྱལ་ཁབ་དངུལ་རྩའི་ཡིད་རྟོན་ཆ་འཕྲིན་གྱི་གཞི་རྩའི་གྲངས་གཞིའི་མཛོད་དབར་མཉམ་དུ་གནས་བརྗེའི་འཕེལ་རྒྱས་དང་ནུས་པ་གསབ་རེས་ཀྱི་ཁྲོམ་རའི་རྣམ་པ་ཞིག་ཆགས་ཡོད།
         ལས་རིགས་ནང་ཁུལ་གྱི་མི་སྣས་ངོས་འཛིན་བྱས་དོན། པའེ་ཧང་ཡིད་རྟོན་བཙུགས་པ་དེས་མི་སྒེར་གྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་དང་ཆ་འཕྲིན་ཁེར་གནས་ཀྱི་དཀའ་ཁག་བསལ་ནས་མི་སྒེར་གྱི་ཡིད་རྟོན་ཐོན་ཟོག་མཁོ་སྤྲོད་ནུས་ལྡན་བྱ་རྒྱུ་མི་འདང་བའི་དཀའ་ངལ་ཆུང་དུ་འགྲོ་བ་དང་། ཁོངས་གཏོགས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་འགོག་པ་དང“གང་སར་དངུལ་བུན་ཚད་ལས་བརྒལ་བ་གཡར་བ”དང“དངུལ་བུན་ཁ་བསླུས་རྒྱག་པ”སོགས་ཀྱི་ཟང་ཟིང་སྣང་ཚུལ་ནུས་ལྡན་ངང་བཀག་ནས་དྲ་རྒྱའི་དངུལ་རྩའི་ལས་རིགས་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བ། མི་སྒེར་གྱི་ཆ་འཕྲིན་གསང་སྲུང་གི་ཁེ་དབང་སྲུང་སྐྱོང་གི་རྩ་དོན་ལག་ལེན་བསྟར་ནས་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་བྱེད་དྲགས་པ་དང་ཚུལ་མིན་ངང་གསར་སྣོན་དང་ཁྲིམས་འགལ་ངང་བེད་སྤྱོད་སོགས་འགོག་པར་ཕན་པ་ལྡན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།