འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་བདེ་འཇགས་ཐོན་
    སྐྱེད་ལས་དོན་ཏན་ཏིག་སྒྲུབ་དགོས་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཐིང་གིས་ཉེ་ཆར་བརྡ་ཐོ་བཏང་ནས་2018ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་ནས་ཐོན་སྐྱེད་བདེ་འཇགས་ལས་འཛོལ་སྣ་ཚོགས་ནུས་ལྡན་ངང་དོགས་ཟོན་དང་སྔོན་འགོག་མཐའ་གཅིག་ཏུ་བྱས་ཏེ་མི་དམངས་མང་ཚོགས་དགའ་སྤྲོ་དང་། འཆམ་མཐུན། བདེ་འཇགས་བཅས་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་ལ་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཚེ་སྲོག་གོང་དུ་བཀུར་བ་དང་བདེ་འཇགས་ཨང་དང་པོ་ཡིན་པའི་བསམ་བློ་དར་སྤེལ་ཤུགས་ཆེན་གཏོང་བ། དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། སྔ་ཙམ་ཞིབ་འཇུག་བཀོད་སྒྲིག་བྱེད་པ། བྱ་ཐབས་དོན་འཁྱོལ་ཤུགས་ཆེན་བཅས་བྱས་ནས་ལས་འཛོལ་ཚབས་ཆེན་རིགས་ཐོན་རྒྱུ་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཐོའི་ནང་དུས་ཆེན་གྱི་ཁྱད་ཆོས་ལ་གཞིགས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། མེ་ཟོན། ཤོག་སྦག་བཅས་ལ་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དགུན་དུས་ཀྱི་བདེ་འཇགས་ཞིབ་བཤེར་གཏིང་ཟབ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཕྱོགས་ཡོངས་ནས་གྲལ་བཤེར་དང་བཅོས་སྒྲིག་བྱེད་པ། འཕྲལ་སྡོམ་དོ་དམ་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་དང་ཁ་གཏད་གཅོག་ནུས་མཐོ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།