འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།2018ལོར་རང་རྒྱལ་དུ་མྱུར་བགྲོད་གཞུང་ལམ་སྤྱི་ལེ་5000མང་དུ་འགྲོ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཚེས་25ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2018ལོར་རང་རྒྱལ་དུ་མྱུར་བགྲོད་གཞུང་ལམ་སྤྱི་ལེ་5000ཐོག་གསར་དུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་དང་། རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གཞུང་ལམ་སྤྱི་ལེ་ཁྲི་1.6གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་20གསར་སྐྲུན་དང་བསྐྱར་སྐྲུན་བྱ་རྒྱུ། མཁྲེགས་འགྱུར་ལམ་གསར་དུ་ཤར་གཏོང་ཐུབ་པའི་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ་5000དང་གསར་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ་5000ཟིན་རྒྱུ། མངའ་ཁོངས་གཙང་པོར་རིམ་པ་མཐོ་བའི་མཚོ་ལམ་ཚད་ལྡན་སྤྱི་ལེ་600མང་དུ་འགྲོ་རྒྱུ། གྲུ་ཁ་གཙོ་བོའི་དོས་སྒམ་ལྕགས་ལམ་དང་མཚོ་ལམ་མཉམ་འདྲེན་བྱེད་ཚད་15%ཡན་འཕར་རྒྱུ་བཅས་རེད།
         གཞན་ཡང་འགྲིམ་འགྲུལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་ལའང་ནུས་པ་མངོན་གསལ་ཐོན་ཞིང་། ས་ཁུལ་དབུལ་པོར་ཡུལ་སྐོར་ལམ་དང་། ཐོན་ཁུངས་ལམ། ཐོན་ལས་ལམ་བཅས་སྤྱི་ལེ་ཁྲི་1.3བསྐྲུན་ཡོད། མཁྲེགས་འགྱུར་ལམ་གསར་དུ་ཤར་གཏོང་ཐུབ་པའི་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ་ཁྲི་1.1དང་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་སྒྲིག་ཁོངས་སུ་ཚུད་པའི་གྲོང་ཚོ་8473ཟིན་ཡོད། གཞུང་ལམ་དཀྱུས་མའི་བདེ་འཇགས་དང་ཚེ་སྲོག་འགོག་སྲུང་ལས་གྲྭ་སྤྱི་ལེ་ཁྲི་13ལག་ལེན་བསྟར་བ་དང་ཉེན་ཡོད་ཟམ་པ་3300སྒྱུར་བཀོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།