འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རྒྱང་ཚོར་ཨང་སུམ་ཅུ་པའི་སྲུང་སྐར་ཚོགས་པ་03པ་གྲུབ་འབྲས་ཐོབ་པའི་སྒོ་
    ནས་འཕེན་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་28ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན་གྱི་ཆུ་ཚོད་3དང་སྐར་མ་44ཐོག་རང་རྒྱལ་གྱིས་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་རྒྱང་སྐྱོད་ཨང་གཉིས་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པར་བརྟེན་ནས་རྒྱང་ཚོར་ཨང་སུམ་ཅུ་པའི་སྲུང་སྐར་ཚོགས་པ་03པ་གྲུབ་འབྲས་ཐོབ་པའི་སྒོ་ནས་འཕེན་གཏོང་བྱས་པ་དང་། སྲུང་སྐར་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སླེབས་ནས། འཕེན་གཏོང་ལས་འགན་ཕུན་སུམ་ཚོགས་པོའི་སྒོ་ནས་ལེགས་གྲུབ་བྱུང་བ་རེད། སྲུང་སྐར་མང་པོ་ཚོགས་སྒྲིག་གི་བྱ་ཐབས་སྤྱད་པའི་རྒྱང་ཚོར་ཨང་སུམ་ཅུ་པའི་སྲུང་སྐར་ཚོགས་པ་03པ་སྤྱོད་ཡུལ་གཙོ་བོ་ནི་གློག་ཁབ་ལེན་གྱི་ཁོར་ཡུག་བརྟག་ཞིབ་ཐིག་ལེན་བྱ་རྒྱུ་དང་འབྲེལ་ཡོད་ལག་རྩལ་ཚོད་ལྟའི་ལས་དོན་སྤེལ་རྒྱུ་དེ་རེད།
         ད་ཐེངས་ཀྱི་ལས་འགན་ནི་རྒྱང་སྐྱོད་ཀྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་རིམ་གྲས་ཀྱི་འཕུར་སྐྱོད་ཐེངས་260པ་དེ་ཡིན་ལ་2017ལོའི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་མཐའ་མ་དེ་ཡང་ཡིན་པ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།